རང་ལྗོངས་ཀྱིས་ཁྲོམ་རའི་ཐོག་ཕག་ཤ་མཁོ་སྤྲོད་འགན་སྲུང་ཧུར་ཐག་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-17

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༡༦ ཉིན་གྱི་སྔ་དྲོ།  རྒྱལ་ཡོངས་ཀྱི་ཁྲོམ་རའི་ཐོག་ཕག་ཤ་མཁོ་སྤྲོད་འགན་སྲུང་ལ་སྐུལ་འདེད་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལོ་མེ་བོད་ལྗོངས་ཡན་ལག་ཚོགས་རའི་ཚོགས་འདུར་ཕེབས་པ་རེད།

ཚོགས་འདུའི་ཐོག ས་གནས་ཁག་གི་ཞིང་ལས་དང་གྲོང་གསེབ་ཚན་པས་ཕག་པ་གསོ་ཚགས་འགན་ལེན་ཡག་པོ་བྱེད་དགོས་པའི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུགས་ཀྱི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་དགོས་པ་དང་།  རང་རྒྱལ་ནི་འཛམ་གླིང་ཐོག་ཕག་ཤ་ཐོན་སྐྱེད་ཁུལ་ཆེ་ཤོས་ཞིག་ཡིན་པའི་ངོས་ནས་ཕག་པ་གསོ་ཚགས་ལ་སྐུལ་འདེད་གཏོང་རྒྱུ་དེ།  རང་རྒྱལ་གྱི་དཔལ་འབྱོར་སྤྱིའི་ཆ་ནས་བརྟན་པོ་ཡོང་རྒྱུར་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ལྡན་ཡོད།  ཐོན་ལས་ཁྱབ་ཚུལ་ལེགས་སུ་གཏོང་བ་དང་ཕག་ཤ་ཐོན་ཚད་དམའ་བའི་ཁུལ་གྱིས་ས་ཆ་དེ་གའི་གནས་ཚུལ་ལ་གཞིགས་ནས་ཕག་ཤ་ཐོན་སྐྱེད་བྱེད་ཁྱོན་ཆེ་རུ་བཏང་སྟེ།  ཕག་ཤ་རང་མཁོ་རང་འདོན་ཐུབ་ཚད་རིམ་བཞིན་མཐོ་རུ་གཏོང་བ་དང་།  ཕག་ཤ་རང་མཁོ་རང་འདོན་མ་ཐུབ་པའི་ཞིང་ཆེན་གྱིས་རང་འགུལ་ངང་ཉེ་འཁོར་ཞིང་ཆེན་དང་འབྲེལ་མཐུད་བྱས་ཏེ།  ཐག་ཉེ་ས་ནས་ཕག་ཤ་མཁོ་སྤྲོད་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་དང་སྐྱེལ་འདྲེན་ལྷུ་ཚིགས་སུ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་སྐྱེལ་འདྲེན་ལྷུ་ཚིགས་ཁྲོད་སྟོང་ཆ་མི་ལུས་པ་བྱེད་པ།  སྟབས་བདེའི་བྱ་ཐབས་སྔར་བས་ཞིབ་ཕྲ་བཟོས་ཏེ་ཆ་རྐྱེན་འཛོམས་པའི་ཕག་གསེབ་དང་ཕག་ཕྲུག་གི་སྐྱེལ་འདྲེན་འགན་སྲུང་བྱེད་པ།  ཐོན་སྐྱེད་དང་ཁྲོམ་རའི་ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡའི་ལས་ཀར་སྔར་བས་ཤུགས་སྣོན་བརྒྱབ་ནས་ཨ་ཧྥེ་རི་ཁའི་ཕག་ནད་འགོག་བཅོས་ལམ་སྲོལ་སྔར་བས་བྱེད་ཤུགས་ཆེ་རུ་བཏང་སྟེ།  ཁྲོམ་རའི་ཐོག་གི་ཕག་ཤ་མཁོ་སྤྲོད་འགན་སྲུང་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]