ཀྲོང་ཡན་གྱིས་འགྲིམ་འགྲུལ་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱ་སར་རྟོག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-17

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས།  ལྷ་ས་ནས་གཞི་རྩེ་འབབ་ཐང་བར་གྱི་གཞུང་ལམ་དུམ་བུའི་ཚོད་འཛིན་རང་བཞིན་གྱི་ལྷ་ས་སྐྱིད་ཆུའི་ལམ་ཐིག་གཙོ་བོའི་ཟམ་ཆེན་ཆེ་གྲས་ཀྱི་རྣམ་གྲངས་དང་།  རྒྱལ་ལམ ༡༠༩ རྒྱུད་ཀྱི་ལྷ་ས་ནས་ནག་ཆུ་བར་གྱི་གཞུང་ལམ་དུམ་བུའི་ཚོད་འཛིན་ལས་གཞིའི་རྣམ་གྲངས་འཛུགས་སྐྲུན་བྱེད་ཡུལ་དུ་ཕེབས་ནས།  གཙོ་གནད་གཞུང་ལམ་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་གནས་ཚུལ་ཐད་བརྟག་ཞིབ་གནང་བ་རེད།

ཀྲོང་ཡན་ནས་ཨར་སྐྲུན་བྱེད་ཡུལ་དུ་ལས་གཞིའི་འཕེལ་རིམ་དང་ཨར་སྐྲུན་གྱི་དཀའ་གནད།  འཕྲད་པའི་དཀའ་ངལ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་སྦྲགས།  རིམ་ཁག་ཚན་པ་ཁག་དང་ཨར་སྐྲུན་ནང་ཞུགས་མཁན་ཚན་པ་ཁག་གིས་སྤུས་ལེགས་ཀྱི་ལས་གཞི་ཧུར་ཐག་གཏོད་དེ་ཚན་རྩལ་བརྟེན་ནས་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  ལས་གཞི་འཛུགས་སྐྲུན་གྱི་ཚད་གཞི་ཚོད་འཛིན་ནན་པོ་བྱེད་པ།  སྤུས་ཚད་ལྟ་འདོམས་མ་ལག་ནན་པོ་འཛུགས་པ་བཅས་བྱས་ནས་ལས་གཞིའི་རྣམ་གྲངས་དེ་ལོ་རྒྱུས་ཀྱི་ཞིབ་དཔྱད་ཐུབ་པའི་ལས་གཞི་ཞིག་ཏུ་སྐྲུན་པ་དང་ལས་ཕྱོད་ཆེ་བའི་ལས་གཞི་ཧུར་ཐག་གཏོད་པ་དང་།  ཚན་པའི་མཐུན་སྦྱོར་མཉམ་སྒུལ་དང་གཅིག་གྱུར་འཆར་འགོད་མཐུན་སྦྱོར།  བཀོད་གཏོང་བཀོད་སྒྲིག་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་སྤུས་ཚད་མཐོ་བ་དང་ཚད་གཞི་མཐོ་བའི་སྒོ་ནས་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པ།  འབྱུང་འཕྲོད་ལས་གཞི་ཧུར་ཐག་གཏོད་དེ་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་རྒྱུ་དེ་མངོན་གསལ་དོད་པའི་གལ་ཆེའི་གནས་བབ་ཐོག་འཇོག་པ་དང་།  འབྱུང་འཕྲོད་སྐྱེ་ཁམས་འདུ་ཤེས་དེ་ལས་གཞི་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོའི་ནང་དོན་འཁྱོལ་ཐུབ་པ་བྱས་ནས།  ལས་གཞིའི་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་རིག་དངོས་ཐོན་ཁུངས་ལ་སྲུང་སྐྱོབ་ཡག་པོ་བྱེད་དགོས་པ།  བདེ་འཇགས་ལས་གཞི་ཧུར་ཐག་གཏོད་དེ་བདེ་འཇགས་དོ་དམ་བྱ་ཐབས་དོན་འཁྱོལ་ནན་པོ་བྱེད་པ་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་རྩར་ཞིབ་བཤེར་ནན་པོ་བྱས་ནས།  རྣམ་གྲངས་འཛུགས་སྐྲུན་གྱི་བདེ་འཇགས་འགན་ལེན་བྱེད་དགོས་པ།  དམངས་འཚོའི་ལས་གཞི་ཧུར་ཐག་གཏོད་དེ་མང་ཚོགས་ལ་དོན་དངོས་ཕན་པ་ཐོབ་པ་བྱེད་དགོས་པ།  སྤྱོད་གཙང་ལས་གཞི་ཧུར་ཐག་གཏོད་དེ་སྤྱོད་གཙང་དེ་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་དང་།  ཁྲིམས་དང་སྒྲིག་ལམ་བཞིན་བྱ་བ་སྒྲུབ་ཐོག་སྤྱོད་གཙང་རང་འདོམས་དང་དངོས་འཛིན་དངོས་སྒྲུབ་ཐོག་ནས།  མི་དམངས་མང་ཚོགས་ལ་འགྲུལ་བཞུད་ཀྱི་དགོས་མཁོ་གསར་པ་རྒྱུན་ཆད་མེད་པར་སྐོང་དགོས་པ་བཅས་ཀྱི་ནན་གསུངས་གནང་བ་རེད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]