ཏིང་གཡས་ཤན་དཔལ་འབྱོར་ཉེས་གསོག་ལ་རྡུང་རྡེག་དང་དོག་ཟོན་བྱེད་པའི་དྲིལ་བསྒྲགས་ཉིན་མོའི་བྱེད་སྒོར་ཞུགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-17

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

དམངས་དང་སེམས་པ་འབྲེལ་ནས་སྐུ་ཉིད་ལ་ལྟ་སྐྱོང་བྱེད་ཅེས་པ་བརྗོད་དོན་དུ་བྱས་པའི་དཔལ་འབྱོར་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་དོག་ཟོན་བྱེད་པའི་སྤྱི་ལོ ༢༠༡༩ ལོའི་དྲིལ་བསྒྲགས་ཉིན་མོའི་བྱེད་སྒོ་སྤྱི་ཟླ ༥ པའི་ཚེས ༡༥ ཉིན་གྱི་སྔ་དྲོ་ལྷ་སར་སྤེལ་བ་དང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཏིང་གཡས་ཤན་བྱེད་སྒོ་སྤེལ་ཡུལ་དུ་ཕེབས་ནས་གཟིགས་སྐོར་དང་མཛུབ་ཁྲིད་གནང་བ་རེད།

བྱེད་སྒོ་སྤེལ་ཡུལ་ལྷ་ས་གྲོང་མིའི་ཞབས་ཞུ་ལྟེ་གནས་ཀྱི་ཕྱི་རོལ་དུ།  བྱེད་སྒོའི་ནང་ཞུགས་མཁན་ཁོངས་གཏོགས་ཚན་པ ༤༠ ལྷག་གིས་གསོན་ཉམས་ལྡན་པ་དང་ཞིབ་ཚགས་པའི་དཔྱད་གཞིའི་པར་རིས་ཐོག་ནས་ཁྲིམས་འགལ་ངང་མ་དངུལ་བསྡུ་རུབ་གི་ཉེས་གསོག་དང་བརྒྱུད་ཚོང་གི་ཉེས་གསོག  སྒེར་གྱིས་ཞལ་འདེབས་སློང་བའི་ཁྱབ་ཁོངས་ཀྱི་དངུལ་རྩའི་ཉེས་གསོག་སོགས་ལ་དམིགས་ཏེ་རྒྱ་ཆེའི་གྲོང་མི་ཚོར་ཉེས་གསོག་གི་རྣམ་པ་དང་ཁྱད་ཆོས་ངོ་སྤྲོད་བྱས་པ་དང་རྒྱུན་མཐོང་གི་ཉེས་གསོག་སྣང་ཚུལ་གསལ་འགྲེལ་བྱས་པ་མ་ཟད།  ཁྲིམས་འགལ་ངང་མ་དངུལ་བསྡུ་རུབ་བྱེད་པ་སོགས་ཀྱི་ངོ་བོར་དབྱེ་ཞིབ་བྱས་ཤིང་།  མགོ་སྐོར་བསླུ་བྲིད་ལ་དོགས་ཟོན་བྱེད་སྟངས་སོགས་ཀྱང་བསླབ་ནས།  སྤྱི་བདེའི་ལས་ཁུངས་ཀྱིས་དཔལ་འབྱོར་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་དམངས་འཚོར་ཞབས་ཞུ་སྒྲུབ་པའི་འགྱུར་མེད་ཆོད་སེམས་དང་ཕན་འབྲས་མངོན་པ་བྱས་ཡོད།

ཏིང་གཡས་ཤན་ནས་དྲིལ་བསྒྲགས་ཀྱི་དཔྱད་གཞིའི་པར་རིས་ལ་གཟིགས་སྐོར་གནང་བ་དང་སྦྲགས།  ལྗོངས་ཡོངས་ཀྱི་རིམ་ཁག་ཚན་པ་དང་འབྲེལ་ཡོད་ཚན་པ་ཁག  ལྷག་པར་དུ་སྤྱི་བདེ་ལས་ཁུངས་བཅས་ཀྱིས་དཔལ་འབྱོར་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ནུས་པ་དང་ཆུ་ཚད་སྔར་བས་མཐོ་རུ་བཏང་ཐོག  དཔལ་འབྱོར་ཉེས་གསོག་ལ་དོགས་ཟོན་དང་ཁྲིམས་བཞིན་རྡུང་འདེད་ནན་པོ་གཏོང་དགོས་ལ།  སྔོན་འགོག་བྱེད་རྒྱུས་གཙོ་བོ་བྱེད་པ་དང་གསལ་འབྱེད་དང་བཀག་སྡོམ་ཟུང་འབྲེལ་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ།  དྲིལ་བསྒྲགས་སློབ་གསོ་ལམ་ལུགས་ཅན་དང་རྒྱུན་རྣམ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་ནས།  མི་རིགས་ཁག་གི་མང་ཚོགས་དང་ཁེ་ལས་ཀྱིས་དཔལ་འབྱོར་ཉེས་གསོག་སྔོན་འགོག་བྱེད་པའི་འདུ་ཤེས་དང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ།  འབྲེལ་ཡོད་དངུལ་རྩའི་ལས་ཁུངས་ཁག་གིས་རང་ངོས་ཀྱི་ཆུ་ཚད་ཚད་ལྡན་ཅན་དང་ཆེད་ལས་ཅན་དུ་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས།  སྤྱི་ཚོགས་ལ་ཞབས་ཞུ་དང་དམངས་གཙོ་འགན་སྲུང་བྱེད་པའི་ཆུ་ཚད་རྒྱུན་མཐུད་མཐོ་རུ་གཏོང་དགོས་པ།  ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་སོགས་ཚན་པས་འགན་འཁྲི་ཏན་ཏིག་འཁུར་ཏེ་དཔལ་འབྱོར་ཁྱབ་ཁོངས་དང་དཔལ་འབྱོར་བྱེད་སྒོ།  དཔལ་འབྱོར་འཁོར་རྒྱུགས་བཅས་ཀྱི་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་ནས།  རྒྱལ་ཁབ་ཀྱི་དཔལ་འབྱོར་བདེ་འཇགས་དང་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་ལམ་སྲུང་སྐྱོང་།  དེ་བཞིན་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བཅས་བྱ་ཆེད་ནུས་པ་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ་རེད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]