ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་ཚོགས་འདུ་ཐེངས་བཞི་པ་འཚོགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-18

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༡༥ ཉིན།  རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་ཚོགས་འདུ་ཐེངས་བཞི་པ་སྐོང་ཚོགས་བྱས་པ་དང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཧེ་ཝོན་ཧའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།  ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ཏང་ཙུའུ་ཡི་ཧྲུའུ་ཅི། ཡོན་ཀྲང་བསོད་དར་དང་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་དམག་སྤྱི་གཞོན་པ་ཧྲེ་ཧྭ་ཇེ་རྣམ་གཉིས་ཚོགས་འདུར་ཕེབས་ཡོད། 
ཚོགས་འདུའི་ཐོག ཉེ་དུས་ལྗོངས་ཡོངས་སུ་ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས་ཀྱི་ཆེད་དོན་འཐབ་རྩོད་སྤེལ་ཚུལ་བརྡ་ཁྱབ་བཏང་བ་རེད།  ཧེ་ཝོན་ཧའོ་ཡིས་སྲིད་ཁྲིམས་ཁོངས་གཏོགས་ནས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྐོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་རྣམ་བཤད་སློབ་སྦྱོང་གཏིང་ཟབ་བྱས་ཏེ།  ལྷག་པའི་གནད་དོན་ལ་མི་གཡོལ་བ་དང་མི་འགེབ་པ་མ་ཟད་རྫུན་ཞུ་དེ་བས་ཀྱང་མི་བྱེད་པར་ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ལས་དོན་ཐད་མཐུན་རྐྱེན་སྐྲུན་དགོས།  ཆེད་དོན་འཐབ་རྩོད་ལས་དོན་སྤེལ་རིང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་རྒྱུ་གནད་དུ་འཁེལ་བ་བྱས་ཏེ་མི་ཤུགས་དང་དངོས་ཤུགས།  ནོར་ཤུགས་བཅས་འགན་སྲུང་ཧུར་ཐག་བྱེད་དགོས་ལ་འཛེམ་མེད་དམར་རྗེན་དུ་འདོན་དགོས་པ་དང་།  ནག་གཤེད་གཙང་སེལ་དང་ངན་པའི་འབྲེལ་རྒྱུན་གཅོད་ཤུགས་ཆེ་རུ་གཏོང་དགོས་པ།  དྲིལ་བསྒྲགས་ཆེ་རུ་བཏང་སྟེ་དམངས་ཡོངས་ཀྱིས་ཤེས་རྟོགས་ཐུབ་པ་བྱེད་དགོས་པ།  ལེབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་མང་ཚོགས་ཚོས་ནག་གཤེད་དང་འབྲེལ་བའི་ཁུངས་སྣེ་མཁོ་འདོན་བྱེད་རྒྱུའི་སྐུལ་སློང་བྱེད་པ།  རིམ་ཁག་ཚན་པ་ཁག་དབར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལས་ཀའི་ལམ་ལུགས་ཚད་ལྡན་བཟོས་ནས་ཆེད་དོན་འཐབ་རྩོད་ལས་ཀའི་ཚད་གཞི་མཐོ་པོ་དང་ལས་ཕྱོད་ཆེན་པོ་ཡོང་བ་བྱེད་དགོས་པ།  བཅོས་སྒྲིག་ཧུར་ཐག་བྱས་ཏེ་ཆེད་དོན་འཐབ་རྩོད་ཀྱི་གྲུབ་འབྲས་དེ་སྤྱི་ཚོགས་བཅོས་སྒྲིག་གི་ཕན་འབྲས་སུ་ཧུར་ཐག་འགྱུར་བ་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]