རང་ལྗོངས་ཀྱིས་ནག་སེལ་གཤེད་བཅོམ་སོགས་ཀྱི་ལས་དོན་གཏིང་ཟབ་སྤེལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-19

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ནག་སེལ་ཤེད་བཅོམ་གྱི་ལས་དོན་ཏན་ཏིག་སྤེལ་ནས་རྩ་འཛུགས་ཀྱི་ཁྲིམས་འགལ་དང་བདེ་འཇགས་ཟང་ཟིང་གི་གནས་མེད་པ་བཟོས་ཏེ་མང་ཚོགས་ཀྱི་བདེ་སྣང་དང་སྐྱིད་སྣང་ཆེ་རུ་གཏོང་ཆེད།  རང་ལྗོངས་ཀྱིས་ནག་སེལ་ཤེད་བཅོམ་དང་ཁྲིམས་འགལ་ལ་རྡུང་རྡེག་དང་ཟང་ཟིང་བཅོས་སྒྲིག་གི་ཆེད་དོན་ལས་ཀའི་གསར་འགྱུར་འགྲེམས་བསྒྲགས་ཚོགས་འདུ་འཚོགས་ཏེ་ཆེད་དོན་ལས་དོན་སྤེལ་ཚུལ་བརྡ་ཁྱབ་བཏང་བ་རེད།

ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། དྲུང་ཡིག་ཆེ་མོ། ནག་སེལ་ཤེད་བཅོམ་གཞུང་ལས་ཁང་གི་ཀྲུའུ་རེན་ཧའོ་ཐའོ་ནས།  འགྲེམས་བསྒྲགས་ཚོགས་འདུའི་ཐོག་ཆེད་དོན་འཐབ་རྩོད་ལས་དོན་སྤེལ་ཚུན།  རང་ལྗོངས་རིམ་ཁག་ཚན་པ་ཁག་གིས་ལྗོངས་ཏང་ཨུད་ཀྱི་སྟོབས་ཆེའི་དབུ་ཁྲིད་འོག  ཆབ་སྲིད་བདེ་འཇགས་ལ་གཞི་ཚུགས་ནས་བཀོད་ཁྱབ་འཆར་འགོད་དང་།  དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱས་ནས་གཙོ་གནད་ལས་དོན་དོན་འཁྱོལ་དང་།  གྲུབ་འབྲས་དང་ཕན་འབྲས་ལ་དམིགས་ཏེ་ཆེད་དོན་འཐབ་རྩོད་ལས་དོན་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་བཏང་བས་སྤྱི་ཚོགས་གོང་འཕེལ་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།  ད་བར་ནག་ཚོགས་རྩ་འཛུགས ༢ དང་ཉེས་གསོག་ཚོགས་པ ༡༨ མེད་པ་བཟོས་པ་དང་ནག་ཚོགས་དང་འབྲེལ་བའི་རིགས་དགུའི་གྱོད་གཞི ༡༣༠ ཐག་གཅོད་བྱས་ནས་ཉེས་གསོག་དོགས་ཡོད་པ ༨༢༩ འཛིན་བཟུང་བྱས་པ་དང་།  ཁྲིམས་འགལ་རྩ་འཛུགས ༦༢ མེད་པ་བཟོས་ཤིང་ཁྲིམས་ལྟར་མི ༡༡༠༣ ལ་རྡུང་རྡེག་དང་ཐག་གཅོད་བྱས་པ།  གྱོད་གཞི་དང་འབྲེལ་བའི་མ་དངུལ་སྒོར་ཁྲི་ཚོ ༢༡ ལྷག་ཙམ་བསྡམས་བཅད་བྱས་པ་བཅས་བྱས་ཡོད་ཅེས་གསུངས།

ཤེས་རྟོགས་བྱས་པར་གཞིགས་ན།  གོམས་སྟབས་རྗེས་མར་ཆེད་དོན་འཐབ་རྩོད་ལས་དོན་སྤེལ་སྐབས་མང་ཚོགས་ཚོས་དོ་ཁུར་ཆེན་པོ་བྱེད་པའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་ནག་སེལ་གཤེད་བཅོམ་བྱེད་པ་དང་ཆེད་དོན་འཐབ་རྩོད་ལས་ཀའི་ཆབ་སྲིད་ཀྱི་ངོ་བོ་དྲག་ཏུ་གཏོང་བ།  ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ།  ཁྲིམས་ལྟར་རྡུང་རྡེག་གནད་འཕིགས་གཏོང་བ།  གེབས་སྲུང་བྱེད་མཁན་རྩད་གཅོད་ནན་པོ་བྱེད་པ།  གཞི་རིམ་གྱི་རྩ་འཛུགས་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ་ནག་སེལ་གཤེད་བཅོམ་དང་ཁྲིམས་འགལ་ལ་རྡུང་རྡེག་དང་ཟང་ཟིང་བཅོས་སྒྲིག་གི་ཆེད་དོན་འཐབ་རྩོད་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་ཐུབ་པ་བྱེད་རྒྱུ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]