ཨེ་ཤེ་ཡའི་ཤེས་དཔལ་གླེང་མོལ་ཚོགས་ཆེན་ཐོག་ཞི་ཅིན་ཕིང་གིས་གནང་བའི་གཏམ་བཤད་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-21

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཤེ་ཡའི་ཤེས་དཔལ་གླེང་མོལ་ཚོགས་ཆེན་གྱི་འགོ་ཚུགས་མཛད་སྒོའི་ཐོག་གནང་བའི་བཞེད་དོན་གཙོ་བོའི་གཏམ་བཤད་ལ་རང་ལྗོངས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་དོ་སྣང་ཆེན་པོ་བྱས་ཡོད་པ་དང་།  ཚང་མས་གཏམ་བཤད་དེ་ནི་གཟིགས་རྒྱང་རིང་བ་དང་དགོངས་པ་གཏིང་ཟབ་ཡོད་པས།  ཨེ་ཤེ་ཡའི་ཤེས་དཔལ་ཙམ་མ་ཟད་འགྲོ་བ་མིའི་རིགས་ཀྱི་ཤེས་དཔལ་སྤེལ་རེས་ཁྲོད་ཇུས་གཞི་དང་སྟེགས་བུ་གསར་པ་ཞིག་བསྐྲུན་ཡོད་ལ།  ང་ཚོའི་རིག་གནས་ཀྱི་གདེང་ཚོད་ཀྱང་ཆེ་རུ་ཕྱིན་སོང་ཞེས་བཤད།
ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཏང་ཨུད་ཀྱི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ། སྲིད་དོན་མི་དོན་ཁྲུའི་ཁྲུའུ་ཀྲང་ཀོ་ཇེ་ནས།  རང་ལྗོངས་ཀྱིས་རིག་རྩལ་ལས་དོན་ཁྲོད་ཕྱིར་སྐྱོད་པ་དང་གདན་ཞུ་བྱེད་པའི་བསམ་ཕྱོགས་མུ་མཐུད་རྒྱུན་འཁྱོངས་བྱེད་པ་དང་།  རིག་གནས་སྤེལ་རེས་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་སྟེ་རྒྱལ་ཁབ་ཕྱི་ནང་ལ་བོད་ཀྱི་སྲོལ་རྒྱུན་དང་དེང་རབས་ཀྱི་བརྩམས་བྱ་རྩེ་གྲ་འདོན་རྒྱུ་དང་འཛམ་གླིང་ལ་བོད་ཀྱི་གནས་ཚུལ་དྲིལ་བསྒྲགས་ཡག་པོ་བྱེད་པ།  སྤེལ་རེས་བརྒྱུད་ཕན་ཚུན་མིག་བལྟོས་དང་སློབ་སྦྱོང་།  མཉམ་འདྲེས་བཅས་ཀྱི་དམིགས་ཡུལ་སྒྲུབ་པ་བྱས་ཏེ་རྒྱལ་ཁབ་ཀྱི་རིག་གནས་ཐབས་ཇུས་དང་བོད་ཀྱི་རིག་རྩལ་བྱ་གཞག་གྲ་རྒྱས་གོང་འཕེལ་ཡོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་གསུངས།
བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་ཞིང་ལས་ཚན་རིག་ལག་རྩལ་སློབ་གླིང་གི་གླིང་གཙོ། ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པ་སུན་ཅུན་ནས།  རང་རྒྱལ་ནས་བཏོན་པའི་རྒྱུད་གཅིག་ལམ་གཅིག་གི་འབོད་སྐུལ་གྱིས་མཉམ་གྲོས་དང་མཉམ་སྐྲུན།  མཉམ་སྤྱོད་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ།  ཤེས་དཔལ་སྤེལ་རེས་བྱེད་རྒྱུ་དེ་ཤེས་དཔལ་གྱི་ཧེ་བག་ལས་ལྷག་པ་དང་ཤེས་དཔལ་མིག་བལྟོས་བྱེད་རྒྱུ་དེ་ཤེས་དཔལ་གྱི་འགལ་ཟླ་ལས་ལྷག་པ།  ཤེས་དཔལ་མཉམ་གནས་བྱེད་རྒྱུ་དེ་ཤེས་དཔལ་གྱི་ཁྱད་འཕགས་ལས་ལྷག་པ་བཅས་ལ་འཛིན་ནས།  འཛམ་གླིང་གི་ཤེས་དཔལ་གོང་འཕེལ་ཐད་ཀྲུང་གོའི་བློ་རིག་འདོན་སྤེལ་བྱས་ཡོད།  མི་དམངས་དགེ་རྒན་ཞིག་གི་ངོས་ནས་བརྗོད་ན་སློབ་མ་ཚོར་ཕན་ཚུན་བརྩི་བཀུར་དང་འདྲ་མཉམ།  སྒོ་དབྱེ།  བསྟུན་མཁས་བཅས་ཀྱི་རྣམ་འགྱུར་འཆང་དགོས་པའི་སློབ་གསོ་རྒྱག་གི་ཡོད་ཅེས་གསུངས།
ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་ལེགས་པོ་རོང་ཤང་ཏང་ཀྲེ་པུའི་ཧྲུའུ་ཅི་ལི་ཀུད་ནས།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཤེ་ཡའི་ཤེས་དཔལ་གླེང་མོལ་ཚོགས་ཆེན་གྱི་འགོ་ཚུགས་མཛད་སྒོའི་ཐོག་གནང་བའི་བཞེད་དོན་གཙོ་བོའི་གཏམ་བཤད་དེས།  ང་ཚོར་སྐུལ་མ་ཆེན་པོ་ཐེབས་བྱུང་ལྷག་པར་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས།  སྤེལ་རེས་མཉམ་ལས་བཅས་བྱས་ཚེ་གཞི་ནས་གཉིས་ཕན་ཡོང་རྒྱུ་བཏོན་གནང་བ་དེས་ང་ཚོར་བག་ཆགས་ཟབ་མོ་བཞག་བྱུང་ཞེས་གསུངས།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]