ནོར་བུ་དོན་གྲུབ་ཀྱིས་རང་ལྗོངས་དབུལ་གྲོལ་འགག་སྒྲོལ་བཀོད་འདོམས་པུའི་ཆེད་དོན་ཚོགས་འདུ་བསྐོངས།

ཡོང་ཁུངས།   བདོ་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-22

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་དབུལ་གྲོལ་འགག་སྒྲོལ་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་ནོར་བུ་དོན་གྲུབ་ཀྱིས་རང་སྐྱོང་ལྗོངས་དབུལ་གྲོལ་འགག་སྒྲོལ་བཀོད་འདོམས་པུའི་ཆེད་དོན་ཚོགས་འདུ་སྐོང་འཚོགས་གནང་བ་རེད།  སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ་གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུའི་རྒྱལ་ཡོངས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅིས་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ཚོགས་འདུའི་ཐོག་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་མ་ཟད་འབྲེལ་ཡོད་བྱ་བར་ཞིབ་བསྡུར་ཀྱང་བྱས་ནས་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བྱས་པ་རེད།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་དབུལ་གྲོལ་འགག་སྒྲོལ་བཀོད་འདོམས་པུའི་བཀོད་འདོམས་པ་གཞོན་པ་དབང་ཧེ་ཀྲུའུ་ཚོགས་འདུར་ཕེབས་ཡོད།

ནོར་བུ་དོན་གྲུབ་ནས་རིམ་ཁག་ཚན་པ་ཁག་གིས་རྨང་གཞི་ཐ་དག་བརྟན་དུ་གཏོང་རྒྱུས་གཙོ་བོ་བྱས་ཏེ་ས་གནས་ཁག་གི་འཐུང་ཆུའི་བདེ་འཇགས་དང་ཐོན་ལས་གོང་འཕེལ་ཡོང་བ་བྱེད་དགོས་པ་དང་།  ཕྲུ་གུ་སློབ་གྲྭར་གཏོང་རྒྱུ་མུ་མཐུད་རྒྱུན་འཁྱོངས་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་དགོས་པ།  གཞི་རྩའི་སྨན་བཅོས་སོགས་ལས་དོན་ཁྲོད་ཀྱི་ཧེ་བག་དང་མི་འདེང་བའི་ས་འཚོལ་ཞིབ་ཡང་དག་བྱས་ནས་ཐབས་ཇུས་གནད་འཕིགས་འདོན་པ་དང་གཅིག་གྱུར་འཆར་འགོད་བཟོ་དགོས་པ།  གནས་སྤོས་དབུལ་སྐྱོར་དང་ལས་ཞུགས་དབུལ་སྐྱོར།  སློབ་གསོའི་དབུལ་སྐྱོར།  བདེ་ཐང་དབུལ་སྐྱོར།  སྐྱེ་ཁམས་དབུལ་སྐྱོར་སོགས་ཀྱི་སྲིད་ཇུས་བྱ་ཐབས་དོན་འཁྱོལ་ཡག་པོ་བྱས་ཏེ་དབུལ་གྲོལ་འགག་སྒྲོལ་ལས་ཀའི་དམིགས་སའི་རང་བཞིན་དང་ཕན་འབྲས་རང་བཞིན་ཆེ་རུ་ཏན་ཏིག་གཏོང་དགོས་པ་བཅས་ཀྱི་ཐོག་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ།  ཤིན་ཏུ་དབུལ་བའི་འགག་གནད་སྒྲོལ་དགོས་པའི་ནན་བཤད་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]