ལྗོངས་ཐད་གཏོགས་ལས་ཁུངས་ཀྱིས་ཏང་འཛུཌ་ལས་ཀར་ཤུགས་སྣོན་བརྒྱབ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-23

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་ཏང་གི་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ་དང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེ་མོ། ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

ལེའུ་ཅང་ནས་སྲུང་སྐྱོང་གཉིས་ནི་རང་རེའི་ཏང་གི་ཆབ་སྲིད་ཀྱི་སྲོག་རྩ་ལྟ་བུ་ཞིག་ཡིན་པས།  ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་གཅིག་འདོམས་བརྒྱུད་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས་པ་དང་།  རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུས་གཙོ་གནད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས་པ།  ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་ཞུ་སྒྲུབ་རྒྱུས་བརྗོད་དོན་གཙོ་བོ་བྱས་ཏེ་ལྗོངས་ཡོངས་ཀྱི་བསྒྱུར་འཕེལ་བརྟན་གསུམ་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པ།  ཏང་འཛུགས་ཀྱི་འགན་འཁྲི་དོན་འཁྱོལ་ལ་དམ་འཛིན་བྱེད་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་ཡར་རྒྱས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོད་དགོས་པ་བཅས་ཀྱི་མཛུབ་སྟོན་གནང་ཡོད།

ལེའུ་ཅང་ནས་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་སློབ་གསོའི་ཇུས་གཞིར་མཐོང་ཆེན་བྱས་ཏེ།  ཀྲེ་པུའུ་དང་ཏང་ཡོན་ལས་བྱེད་པར་ཇི་ལྟར་བྱེད་དགོས་རྒྱུ་ཁ་གསལ་བཟོ་དགོས་པ་མ་ཟད།  དོན་འཁྱོལ་ནན་ཏན་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་བདེ་བླག་ངང་སྤེལ་དགོ་པ་དང་ཆབས་ཅིག་ཕན་འབྲས་ཐོན་ཐུབ་པ་བྱེད་དགོས་པའི་ནན་གསུངས་གནང་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]