ཆེ་དགྲ་ལྷས་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-23

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་སྟེ།  རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་དབུ་ཚོགས་གླེང་སྟེགས་སྐབས་གཉིས་པའི་ཐོག  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་།  ལག་བསྟར་དོན་འཁྱོལ་བཅས་བྱས་པ་དང་།  རང་ལྗོངས་ཀྱི་སྤྱི་ལོ ༢༠༡༨ ལོའི་དབུལ་གྲོལ་འགག་སྒྲོལ་གྲུབ་འབྲས་ལ་ཞིབ་དཔྱད་གནས་ཚུལ་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གི་བརྡ་ཁྱབ་ནང་རང་ལྗོངས་ཀྱི་དབུལ་སྐྱོར་གསར་སྤེལ་ལས་ཀའི་གྲུབ་འབྲས་ལ་ལོ་གསུམ་བསྟུད་དེ་ཕྱོགས་བསྡུས་གདེང་འཇོག་ལེགས་པོ་ཐོབ་པའི་སྐོར་བརྒྱུད་བསྒྲགས་བྱས་ཤིང་།  ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་དང་འགན་འཁྲི་དོན་འཁྱོལ་གྱི་ལྟ་སྐུལ་ལས་ཀའི་གཏན་འབེབས་པར་འགྲེམས་བྱེད་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གི་བརྡ་ཐོ་དང་།  རྒྱལ་ཁབ་ཀྱི་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གི་ཚང་འཛོམས་ཚོགས་འདུ་ཐེངས་དང་པོའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད།  རང་ལྗོངས་སུ་ལག་བསྟར་བྱ་ཐབས་དང་དུས་རབས་གསར་པའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་གི་བསྒྱུར་བཅོས་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་རྒྱུ་སོགས་ཀྱི་ཐད་ཞིབ་འཇུག་ཀྱང་བྱས་པ་རེད།

ཚོགས་འདུའི་ཐོག  རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་དབུ་ཚོགས་གླེང་སྟེགས་སྐབས་གཉིས་པའི་ཐོག  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ཏེ་ཕན་འབྲས་ལྡན་པའི་དོན་གཉེར་མཉམ་ལས་ཧུར་ཐག་བྱེད་དགོས་པ་དང་།  སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ་གྱི་དབུལ་གྲོལ་ཚད་གཞི་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ།  དབུལ་གྲོལ་ཐུབ་པ་བྱེད་རྩིས་ཡོད་པའི་རྫོང་༼ ཆུས ༽༡༩ ཡི་དབུལ་གྲོལ་ལས་འགན་ལེགས་སྒྲུབ་ཐུབ་པ་བྱེད་དགོས་པ།  ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་དང་འགན་འཁྲི་དོན་འཁྱོལ་གྱི་ལྟ་སྐུལ་ལས་ཀའི་གཏན་འབེབས་ཀྱི་བླང་བྱར་གཞིགས་ཏེ།  སྲིད་གཞུང་གི་ལམ་ལུགས་ཁག་གནད་སྨིན་དོན་འཁྱོལ་ཡོང་རྒྱུར་སྐུལ་སྤེལ་ཏན་ཏིག་གཏོང་དགོས་པ།  ལྗོངས་ཡོངས་ཀྱི་འབད་བརྩོན་ལ་བརྟེན་ནས་ཁྲོན་བོད་ལྕགས་ལམ་གྱི་འཆར་འགོད་འཛུགས་སྐྲུན་ལ་གཞོགས་འདེགས་བྱེད་པའི་ལས་དོན་ཁག་ཡག་པོ་སྒྲུབ་སྟེ་མཐུན་རྐྱེན་བཟང་པོ་ཧུར་ཐག་སྦྱོར་དགོས་པ།  ཆབ་སྲིད་བྱང་ཚད་མཐོ་བ་དང་སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་བའི་དགེ་རྒན་དཔུང་ཁག་ཧུར་ཐག་གཏོད་དེ།  སློབ་མའི་ཚེ་སྲོག་བདེ་འཇགས་འགན་ལེན་བྱེད་དགོས་པ་བཅས་ཀྱི་ནན་བཤད་བྱས་ཡོད།

ཚོགས་འདུའི་ཐོག་ད་དུང་ཁྲིམས་རྩོད་པའི་སྒྲིག་གཞི་བསྒྱུར་བཅོས་ཟབ་གཏོང་སོགས་ཀྱི་དེ་མིན་བྱ་བར་ཞིབ་འཇུག་བྱས་པ་རེད།།

  ༼  རྩོམ་སྒྲི་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]