ཆེ་དགྲ་ལྷས་ལྷ་སར་དམངས་འཚོའི་རྣམ་གྲངས་གལ་ཆེན་འཛུཌ་སྐྲུན་གནས་ཚུལ་ལ་བརྟག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-24

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་བོད་རང་སྐྱོང་ལྗོངས་སྨན་ཁང་དང་བོད་ལྗོངས་ལག་རྩལ་སློབ་གླིང་།  བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་བཅས་དམངས་འཚོའི་རྣམ་གྲངས་གསུམ་དང་ལྷ་ས་གྲོང་ཁྱེར་ལྟེ་བའི་སྨན་ཁང་གི་རྣམ་གྲངས་འཛུགས་སྐྲུན་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་དང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་མོང་ཅུན་བཅས་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད།

ཆེ་དགྲ་ལྷ་དང་བཅས་པས་ས་གནས་ས་ཐོག་ཏུ་ཕེབས་རིམ་བཞིན་འཆར་འགོད་འགྲེམས་པང་ལ་གཟིགས་པ་དང་རྣམ་གྲངས་ཇུས་འགོད་དང་འཛུགས་སྐྲུན་གྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།  ཆེ་དགྲ་ལྷ་ནས་ཏང་དང་མི་དམངས་ལ་ཚད་མཐོའི་འཁན་འཁུར་གྱི་རྣམ་འགྱུར་ཐོག་ནས་འགོ་འཛུགས་ས་མཐོ་བ་དང་ཚད་གཞི་མཐོ་བ།  སྤུས་ཚད་མཐོ་བ་བཅས་ཀྱི་འཛུགས་སྐྲུན་བྱས་ནས་སྔ་ཙམ་སྐྲུན་ཐུབ་པ་དང་སྔ་ཙམ་བེད་སྤྱོད་གཏོང་ཐུབ་པ།  སྔ་ཙམ་ཕན་འབྲས་ཐོན་ཐུབ་པ་བཅས་བྱེད་དགོས་པ་དང་།  ཇུས་གཞི་སྔར་བས་ལེགས་སུ་བཏང་སྟེ་ཕུགས་རིང་ལ་དམིགས་པ་དང་ཚན་རིག་དང་མཐུན་པའི་འཆར་འགོད།  ལུགས་མཐུན་བཀོད་སྒྲིག་བཅས་ཐུབ་པ་བྱས་ནས་བོད་རང་སྐྱོང་ལྗོངས་སྨན་ཁང་འཆར་འགོད་འཛུགས་སྐྲུན་བྱེད་སྐབས།  བློ་རིག་སྨན་བཅོས་དང་བསྟུན་ཏེ་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་དང་དཔེ་འཛིན་གང་ལེགས་བྱས་ཐོག  དངོས་སྤྱོད་རང་བཞིན་དང་གྲོན་ཆུང་རང་བཞིན་ལ་དོ་སྣང་བྱས་ཏེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་རྒྱ་ཆེའི་མང་ཚོགས་ལ་སྨན་བཅོས་ཀྱི་སྟབས་བདེ་སྐྲུན་དགོས་པའི་བླང་བྱ་བཏོན་གནང་བ་རེད།

ཆེ་དགྲ་ལྷ་ནས་ད་དུང་བོད་ལྗོངས་ལག་རྩལ་སློབ་གླིང་འཆར་འགོད་འཛུགས་སྐྲུན་བྱེད་སྐབས།  ཆེད་ལས་བཀོད་སྒྲིག་དེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་གོང་འཕེལ་གྱི་དགོས་མཁོ་དང་ཁེ་ལས་ཀྱི་ཤེས་ལྡན་པའི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས།  ལས་ཀའི་བྱ་ཐབས་གསར་གཏོད་དང་རྩལ་ནུས་སྦྱོང་བརྡར་སྤྲོད་ཤུགས་ཆེ་རུ་གཏོང་བ།  དགེ་རྒན་དཔུང་ཁག་སྟོབས་ཆེར་འཛུགས་པ་བཅས་བྱེད་དགོས་པ།  བོད་ལྗོངས་བོད་ལུགས་གསོ་རིགས་སློབ་གླིང་འཆར་འགོད་འཛུགས་སྐྲུན་བྱེད་སྐབས།  ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་གསར་གཏོད།  དམངས་འཚོ་འགན་སྲུང་དང་གོང་འཕེལ་ལ་སྐུལ་འདེད་གཏོང་བ།  མཐོ་རིམ་གསར་གཏོད་ཀྱི་རྣམ་པ་དང་དངོས་སྤྱོད་རྣམ་པའི་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་སྤུས་ཚད་མཐོ་རུ་གཏོང་བ།  བོད་ལུགས་གསོ་རིག་གིས་སྨན་བཅོས་དང་བདེ་སྲུང་ཐད་མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་དགོས་མཁོ་སྐོང་དགོས་པ།  རྩ་འཛུགས་ཀྱིས་འགོ་ཁྲིད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འགན་འཁྲི་གསལ་བཟོ་དང་ལས་ཡུན་ལྡོག་སྒྲིག་བྱས་ནས་རྣམ་གྲངས་སྐྲུན་པ་དང་ཞིབ་མཆན་འགོད་པ།  ལྟ་སྐུལ་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་སྟེ་རྣམ་གྲངས་བདེ་བླག་ངང་ལག་བསྟར་དང་མགྱོགས་མྱུར་ངང་སྐུལ་འདེད་གཏོང་ཐུབ་པ་བྱེད་དགོས་པ།  མ་དངུལ་བེད་སྤྱོད་ལ་དོ་དམ་ནན་པོ་བྱས་ནས་བྱ་བ་བཟང་པོ་སྒྲུབ་ཐུབ་པ་བྱེད་དགོས་པ་བཅས་ཀྱི་ནན་གསུངས་གནང་བ་རེད།

ལྷ་ས་གྲོང་ཁྱེར་ལྟེ་བའི་སྨན་ཁང་རྣམ་གྲངས་འཛུགས་སྐྲུན་བྱེད་སར་ཆེ་དགྲ་ལྷ་ནས།  རིམ་ཁག་ཚན་པ་ཁག་དང་འཛུགས་སྐྲུན་ནང་ཞུགས་མཁན་ཚན་པ་ཁག་གིས་སྤུས་ཚད་བདེ་འཇགས་འགན་སྲུང་གི་སྔོན་འགྲོའི་འོག་ཨར་སྐྲུན་འཕེལ་རིམ་མགྱོགས་སུ་གཏོང་དགོས་པ་དང་།  སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གོ་སྐབས་སུ་རྩིས་ནས་རང་ངོས་ཀྱི་ཞན་ཆ་སེལ་ཏེ།  མི་རིགས་ཁག་གི་མང་ཚོགས་ཚོར་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱེད་དགོས་པའི་ནན་གསུངས་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]