རང་ལྗོངས་ཀྱིས་ལས་ཞུཌ་མི་སྣའི་ལས་ཞུགས་བྱེད་ཁོངས་བརྟན་པོའི་ངང་རྒྱ་ཆེར་གཏོང་རྒྱུ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-25

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༢༣ ཉིན།  ལས་རིགས་རྩལ་ནུས་མཐོར་གཏོང་གི་བཀོད་སྒྲིག་སྐུལ་སྤེལ་བྱེད་སྒོའི་རྒྱལ་ཡོངས་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིན་དུ་འཚོགས་པ་དང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ་བོད་ལྗོངས་ཡན་ལག་ཚོགས་རའི་ཚོགས་འདུར་ཕེབས་ཡོད། 
ཚོགས་འདུའི་ཐོག ས་ཁུལ་ཁག་དང་ཚན་པ་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཛད་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱེད་པ་དང་།  ལས་རིགས་རྩལ་ནུས་སྦྱོང་བརྡར་སྤྲོད་ཤུགས་ཆེ་རུ་གཏོང་རྒྱུའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཐོག་འགན་འཁྲི་དང་ལས་འགན་གྱི་བསམ་པ་ཆེ་རུ་ཏན་ཏིག་བཏང་ནས།  ངལ་རྩོལ་པའི་ལས་ཞུགས་ལས་གཏོད་ནུས་པ་ཆེ་རུ་གཏོང་དགོས་པ་དང་།  རྩལ་ནུས་མི་ཤེས་པ་དང་རྩལ་ནུས་མི་འདེང་བའི་ངལ་རྩོལ་པ་རྣམས་རྩལ་ནུས་སྦྱོང་བརྡར་སྤྲོད་ཡུལ་གཙོ་གནད་དུ་བཞག་སྟེ་ཞིང་པ་ལས་མི་དང་དམག་ཞབས་འཐིམ་པའི་དམག་མི།  སློབ་རིམ་འཕར་མི་ཐུབ་པའི་སློབ་མ།  ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་དུད་ཚང་སོགས་ཀྱི་རྩལ་ནུས་སྦྱོང་བརྡར་ལས་དོན་ཡག་པོ་སྒྲུབ་ཏེ་ལས་ཞུགས་བྱེད་ཁོངས་བརྟན་པོའི་ངང་རྒྱ་ཆེར་གཏོང་དགོས་པ།  ལས་རིགས་ལག་རྩལ་སློབ་གླིང་དང་ཁེ་ལས།  སྤྱི་ཚོགས་སྦྱོང་བརྡར་ཚན་པ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སྤྱི་ཚོགས་ཡོངས་ཐེ་ཞུགས་ཧུར་ཐག་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་ཆགས་པ་བྱེད་དགོས་པ།  དོན་དངོས་ཀྱི་དགོས་མཁོར་གཞིགས་ཏེ་སྤྱི་ཚོགས་ཧྲིལ་པོ་རྩལ་ནུས་སྦྱོང་བརྡར་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ནས།  དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་གོང་འཕེལ་ཡོང་རྒྱུར་མི་རྒྱུན་ཐོན་ཁུངས་ཀྱི་འགན་སྲུང་གང་ལེགས་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]