སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱི་སྔོན་ཐོན་བྱས་རྗེས་ལ་རང་ལྗོངས་སུ་སློབ་སྦྱོང་ཧུར་ཐག་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-26

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  དུས་རབས་ཀྱི་མིག་དཔེ་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱི་སྔོན་ཐོན་བྱས་རྗེས་སློབ་སྦྱོང་དྲིལ་བསྒྲགས་ཀྱི་སྙན་ཞུའི་ཚོགས་འདུ་རང་སྐྱོང་ལྗོངས་སྨན་རྩིས་ཁང་དུ་འཚོགས་པ་རེད།  ཐེངས་འདིའི་སྙན་ཞུའི་ཚོགས་འདུ་དེ་ནི་ལྗོངས་ཐད་གཏོགས་ལས་ཁུངས་བུད་མེད་ལས་དོན་ཨུ་ཡོན་ལྷན་ཁང་དང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ལས་ཁུངས་བུད་མེད་ཨུ་ཡོན་ལྷན་ཁང་གིས་མཉམ་འབྲེལ་ཐོག་གཉེར་བ་དང་།  རང་ལྗོངས་ཀྱི་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ནས་ཕེབས་པའི་བུད་མེད་ལས་བྱེད་ལས་བཟོ་པ ༢༠༠ ལྷག་ཙམ་གྱིས་སྙན་ཞུ་གསན་པ་རེད།

སྙན་ཞུའི་ཚོགས་འདུའི་ཐོག་ཚང་མས་དུས་རབས་ཀྱི་མིག་དཔེ་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་དྲིལ་བསྒྲགས་ཀྱི་བརྙན་ཕབ་དཔྱད་གཞི་བལྟས་པ་དང་།  བོད་ལྗོངས་རླུང་འཕྲིན་ལས་ཁུངས་ཀྱི་གསར་འགོད་པ་ཚེ་རིང་ལྷ་ནས་ཡུལ་སྨད་ལ་བཅར་འདྲི་བྱས་པའི་བརྒྱུད་རིམ་དང་མྱོང་ཚོར་བརྩེ་སེམས་ཟབ་མོས་གླེང་བ་རེད།  ལོ་བཅུ་གྲངས་ནང་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱིས་ཕ་དང་མཉམ་དུ་དེ་སྔོན་མི་གསུམ་ལས་མེད་པའི་ཡུལ་སྨད་ཤང་དུ་མཐའ་མཚམས་རྒྱུད་དུ་ཕྱུགས་འཚོ་བ་དང་སྐོར་གཡེང་བྱས་ནས་མེས་རྒྱལ་གྱི་མངའ་ཁོངས་སྲུང་ཡོད།  ཁོང་ཚོའི་སྔོན་ཐོན་བྱས་རྗེས་བརྒྱུད་མི་ཚོར་སེམས་འགུལ་ཆེན་པོ་ཐེབས་པ་རེད།  རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་ཁོངས་མི། ཀྲུའུ་རེན་གཞོན་པ་ཞུས་ཕའེ་ཧེ་ནས།  སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱི་སྔོན་ཐོན་བྱས་རྗེས་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་རྒྱུ་དེ་ཡང་ང་ཚོས་ཏང་ལ་བློ་དཀར་དང་རྒྱལ་གཅེས་མཐའ་སྲུང་།  དཀའ་སྤྱད་འབད་འཐབ།  ལེགས་སྐྱེས་འབུལ་ཕོད་པའི་སྙིང་སྟོབས་བཅས་སློབ་སྦྱོང་བྱེད་དགོས་པ་མ་ཟད།  སྔོན་ཐོན་སློབ་སྦྱོང་བྱེད་པའི་སྤྲོ་སེམས་དེ་རང་ངོས་ཀྱི་འབད་འཐབ་བྱེད་པའི་སྒུལ་ཤུགས་ལ་འགྱུར་བ་བྱས་ཏེ།  དུས་རབས་ཀྱི་མིག་དཔེའི་སྙིང་སྟོབས་མི་སེམས་ལ་ཟུག་པ་དང་བྱ་སྤྱོད་ཐོག་འཁྱོལ་ཐུབ་པ་བྱེད་དགོས་ཞེས་གསུངས།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]