ཀྲུང་དབྱང་ཁེ་ལས་ནས་རང་ལྗོངས་ཀྱི་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུཌ་ལས་ཀར་རོཌ་འདེད་བྱེད་པའི་བཞུཌ་མོལ་ཚོཌ་འདུ་ལྷ་སར་འཚོཌ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-27

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ཀྲུང་དབྱང་ཁེ་ལས་ཀྱིས་ཐེམ་ཁོངས་བོད་ནས་ཡིན་པའི་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལ་རོགས་འདེད་བྱེད་པའི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ་དང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། རང་སྐྱོང་ལྗོངས་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཏིང་གཡས་ཤན་ནས།  རིམ་ཁག་ཚན་པ་ཁག་གིས་བསམ་བློའི་ངོས་འཛིན་གཅིག་འགྱུར་བྱེད་པ་དང་སྤེལ་རེས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ།  རང་ལྗོངས་ཀྱི་སློབ་ཆེན་སློབ་ཐོན་སློབ་མར་ཀྲུང་དབྱང་ཁེ་ལས་ཀྱིས་ལས་ཞུགས་གོ་སྐབས་སྐྲུན་པའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པའི་ནན་བཤད་གནང་བ་རེད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དབང་ཧེའི་ཀྲའུ་དང་ཧྲེ་མའུ་ཅུན་རྣམ་གཉིས་ཚོགས་འདུར་ཕེབས་ཡོད།

ཏིང་གཡས་ཤན་ནས།  བོད་དུ་བཅའ་སྡོད་ཀྲུང་དབྱང་ཁེ་ལས་ཀྱི་འགན་ཁུར་བ་དང་ཚོགས་ཞུགས་བློ་མཐུན་དབར་གྱི་སྤེལ་རེས་གཏམ་བཤད་གསན་རྗེས།  ལས་ཞུགས་བོད་སྐྱོར་ཐད་ཀྱི་ཀྲུང་དབྱང་ཁེ་ལས་ཀྱི་འབད་བརྩོན་ལ་ཁས་ལེན་གང་ལེགས་གནང་བ་དང་སྦྲགས།  ཀྲུང་དབྱང་ཁེ་ལས་ཁག་གིས་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་།  མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་མུ་མཐུད་ལག་བསྟར་དོན་འཁྱོལ་བྱས་ཏེ།  དམངས་འཚོ་ལེགས་བཅོས་དང་དམངས་སེམས་གཅིག་སྒྲིལ།  རྨང་གཞི་བརྟན་གཏོང་བཅས་ཀྱི་ཐབས་ཇུས་མཐོ་ཚད་དང་བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས།  སློབ་ཆེན་སློབ་ཐོན་སློབ་མ་ལས་ཞུགས་ཡག་པོ་ཐུབ་པ་བྱེད་རྒྱུའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གསལ་པོ་ཡོང་བ་བྱས་ཏེ།  ཡུན་རིང་ནང་ཐེམ་ཁོངས་བོད་ནས་ཡིན་པའི་སློབ་ཆེན་སློབ་ཐོན་སློབ་མ་ལས་ཞུགས་བརྟན་པོ་དང་ཡག་པོ་ཐུབ་རྒྱུར་བློ་འགུག་བྱས་ཐོག་དམངས་འཚོ་དང་དམངས་སེམས། གཞི་རྩ་བཅས་ཀྱི་ལས་གཞི་ཆེ་ཤོས་སུ་གྱུར་བའི་ལས་ཞུགས་ལས་ཀར་དམ་འཛིན་ཏན་ཏིག་ཐུབ་ཆེད།  ནུས་པ་དེ་བས་ཆེ་བ་དང་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་རྒྱུའི་ཐུགས་རེ་གནང་བ་རེད།

ཏིང་གཡས་ཤན་ནས།  ཚང་མས་ལས་ཞུགས་དུས་བབ་གསལ་རྟོགས་བྱས་ཏེ་དམིགས་ཚད་ལས་འགན་གསལ་པོ་བཟོ་བ་དང་ལས་ཞུགས་ཀྱི་ཆོད་ཉིད་སྟངས་འཛིན་བྱས་ཏེ།  ལས་ཀའི་གཙོ་གནད་མངོན་ཆེར་འཛིན་པ་དང་སྦྲེལ་མཐུད་གཞོགས་འདེགས་ཡག་པོ་བྱས་ནས་གཅིག་འགྱུར་འཆར་འགོད་གནད་འཕིགས་བྱེད་དགོས་པ་དང་།  དྲིལ་བསྒྲགས་ལས་དོན་ཡག་པོ་སྒྲུབ་ནས་གླེང་ཕྱོགས་ཀྱིས་ཁྲིད་སྟོན་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]