ཆེ་དགྲ་ལྷས་ཁྲོན་བོད་ལྕགས་ལམ་འཆར་འགོད་འཛུགས་སྐྲུན་བརྟག་ཞིབ་ཚོགས་ཆུང་དང་བཞུགས་མོལ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-27

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་གོང་།  རྒྱལ་ཁབ་འཕེལ་རྒྱས་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཧུའུ་ཛུའུ་ཚའེ་དང་ལྕགས་ལམ་སྤྱི་ཁྱབ་ཀུང་སིའི་སྤྱི་གཉེར་གཞོན་པ་ལི་ཧོང་མིང་རྣམ་གཉིས་ཀྱིས་སྣེ་ཁྲིད་གནང་བའི་བརྟག་ཞིབ་ཚོགས་ཆུང་གིས།  རང་ལྗོངས་སུ་ཁྲོན་བོད་ལྕགས་ལམ་འཆར་འགོད་འཛུགས་སྐྲུན་ལས་ཀར་བརྟག་ཞིབ་གནང་བ་རེད།  སྤྱི་ཟླ ༥ པའི་ཚེས ༢༤ ཉིན་གྱི་དགོང་མོ།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་བརྟག་ཞིབ་ཚོགས་ཆུང་དང་ཆབ་མདོ་གྲོང་ཁྱེར་དུ་བཞུགས་མོལ་གནང་ནས།  ཁྲོན་བོད་ལྕགས་ལམ་འཆར་འགོད་འཛུགས་སྐྲུན་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུའི་ཐད་དགོངས་འཆར་བརྗེ་རེས་གནང་བ་རེད།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོན་ཡན་བཞུགས་མོལ་ཚོགས་འདུར་ཕེབས་པ་མ་ཟད།  རང་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་གཙོ་གནད་འགྲིམ་འགྲུལ་སྒྲིག་བཀོད་འཛུགས་སྐྲུན་གནས་ཚུལ་ངོ་སྤྲོད་ཀྱང་གནང་བ་རེད།

ཧུའུ་ཛུའུ་ཚའེ་ནས་ཁྲོན་བོད་ལྕགས་ལམ་འཆར་འགོད་འཛུགས་སྐྲུན་ནི་དུས་རབས་གསར་པའི་མཚོན་རྟགས་རང་བཞིན་གྱི་ལས་གཞི་ཞིག་ཡིན་པས།  བརྟག་ཞིབ་ཚོགས་ཆུང་གིས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་མཛད་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱེད་པ་དང་།  རྒྱལ་ཁབ་ཀྱི་ཁྲོན་བོད་ལྕགས་ལམ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ།  ཚན་རིག་དང་མཐུན་པའི་འཆར་འགོད་དང་ལག་རྩལ་གྱི་འདེགས་སྐྱོར།  སྐྱེ་ཁམས་སྲུང་སྐྱོང་།  བདེ་འཇགས་བློས་འགེལ་བཅས་ཀྱི་སྤྱིའི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཐོག  བརྟག་ཞིབ་གནས་ཚུལ་སྔར་བས་དབྱེ་ཞིབ་བྱས་ཏེ་ཚད་གཞི་དང་སྤུས་ཚད་མཐོ་པོའི་སྒོ་ནས་ཁྲོན་བོད་ལྕགས་ལམ་འཆར་འགོད་འཛུགས་སྐྲུན་བྱེད་དགོས་པའི་མཛུབ་སྟོན་གནང་བ་དང་སྦྲགས།  ཕྱོགས་གཉིས་པོས་མཐུན་སྦྱོར་འབྲེལ་མཐུད་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་།  གཞུང་ལམ་དང་གློག  འཕྲིན་གཏོང་སོགས་ཕྱི་རོལ་གྱི་ཆ་རྐྱེན་ལེགས་སུ་བཏང་ཐོག་སྟོབས་ཤུགས་གཅིག་སྒྲིལ་ངང་།  ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་བྱེད་རྒྱུ་དེ་དོན་ཆེན་ཞིག་ལ་རྩིས་ནས་དམ་འཛིན་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།

ཆེ་དགྲ་ལྷས་ཁྲོན་བོད་ལྕགས་ལམ་འཆར་འགོད་འཛུགས་སྐྲུན་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ནས་བོད་ཀྱི་ལས་དོན་ལ་མཐོང་ཆེན་དང་།  བོད་ལྗོངས་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་བཞེས་གནང་ལུགས་མཚོན་གྱི་ཡོད་པས།  རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་བྱས་ཏེ།  ནུས་ཤུགས་ཡོད་རྒུ་དང་ཕྱར་བ་གྲུ་འདེགས་ངང་ཁྲོན་བོད་ལྕགས་ལམ་འཆར་འགོད་འཛུགས་སྐྲུན་ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་རྩིས་ནས།  དོན་ཆེན་དེ་ཡག་པོ་སྒྲུབ་རྒྱུར་ཆ་རྐྱེན་བཟང་པོ་སྐྲུན་རྒྱུ་ཡིན་ཞེས་གསུངས་པ་དང་སྦྲགས།  རང་འགུལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་མཐུན་སྦྱོར་འབྲེལ་མཐུད་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་འགན་འཁྲི་དང་ལས་འགན་ཁ་གསལ་བཟོས་ནས།  ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་འཆར་འགོད་ནང་ཐེ་ཞུགས་བྱེད་པ་དང་གཞོགས་འདེགས་བྱེད་པ།  ཞབས་ཞུ་སྒྲུབ་པ་བཅས་བྱེད་རྒྱུ་ཡིན་ཞེས་གསུངས།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]