ཁྲེང་ཡུང་ཆིས་རང་སྐྱོང་ལྗོངས་ཀྱི་མང་ཚོགས་ཚོགས་པའི་བསྒྱུར་བཅོས་ལས་དོན་སྐུལ་སྤེལ་ཚོགས་འདུ་གཙོ་སྐྱོང་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-28

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའི་པུའུ་ཀྲང་། མང་ཚོགས་ཚོགས་པའི་བསྒྱུར་བཅོས་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཁྲེང་ཡུང་ཆི་ཡིས་རང་སྐྱོང་ལྗོངས་ཀྱི་མང་ཚོགས་ཚོགས་པའི་བསྒྱུར་བཅོས་ལས་དོན་སྐུལ་སྤེལ་ཚོགས་འདུ་གཙོ་སྐྱོང་གནང་ནས།  མང་ཚོགས་ཚོགས་པའི་བསྒྱུར་བཅོས་ལས་དོན་གྱི་འཕེལ་རིམ་གནས་ཚུལ་སྙན་ཞུ་གསན་པ་མ་ཟད་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག  བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་བསྒྱུར་བཅོས་ཇུས་གཞི་ཞེས་པ་དང་།  སྤྱི་ལོ ༢༠༡༨ ལོ་ནས ༢༠༢༥ ལོའི་བར་གྱི་བོད་ཀྱི་གཞོན་ནུའི་གོང་འཕེལ་འཆར་འགོད་ཞེས་པར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

ཁྲེང་ཡུང་ཆི་ནས།  མང་ཚོགས་ཚོགས་པ་ཁག་གིས་གནད་དོན་ལ་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་མང་ཚོགས་ཚོགས་པའི་བསྒྱུར་བཅོས་གོང་འཕེལ་གཏིང་ཟབ་ཏུ་བཏང་ཐོག་འགན་འཁུར་ཕོད་པ་དང་།  ལས་ཞེན་སྙིང་སྟོབས་དང་བྱ་གཞག་སྒྲུབ་སེམས་ཆེན་པོའི་སྒོ་ནས་གཏན་འཁེལ་ཟིན་པའི་བསྒྱུར་བཅོས་ལས་འགན་དོན་འཁྱོལ་ཡོང་རྒྱུར་དམ་འཛིན་བྱེད་པ་དང་འགག་གནད་སྒྲོལ་ཏེ།  མང་ཚོགས་ཚོགས་པའི་རྩ་འཛུགས་དེ་བས་གསོན་ཉམས་ལྡན་པ་དང་དེ་བས་ཞུམ་མེད་སྟོབས་ལྡན་ཅན་དུ་འཛུགས་སྐྲུན་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]