ལྗོངས་ཡོངས་ཞིང་འབྲོག་ཁུལ་གྱི་མི་རིགས་མཐུན་སྒྲིལ་ལས་ཀར་གྲུབ་འབྲས་བཟང་པོ་ཐོབ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-28

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་བའི་ལོའི་རིང་རང་ལྗོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ཁྱོན་ཡོངས་གོང་འཕེལ་ལ་སྐུལ་སྤེལ་ཏན་ཏིག་གཏོང་བ་དང་།  འདྲ་མཉམ་དང་མཐུན་སྒྲིལ།  རོགས་ལས།  ཞི་མཐུན་བཅས་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ།  མི་རིགས་ཁག་དབར་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་པས།  ལྗོངས་ཡོངས་ཞིང་འབྲོག་ཁུལ་གྱི་མི་རིགས་མཐུན་སྒྲིལ་ལས་ཀར་གྲུབ་འབྲས་བཟང་པོ་ཐོབ་ཡོད།   
རང་ལྗོངས་ཀྱིས་ལོ་ལྔ་ཚན་བཅུ་གསུམ་པའི་རིང་མི་རིགས་ས་ཁུལ་དང་མི་འབོར་ཅུང་ཉུང་བའི་ས་ཁུལ་དུ།  མི་རིགས་གོང་འཕེལ་དང་མཐའ་དར་དམངས་ཕྱུག་བྱ་སྤྱོད་འཆར་འགོད་བཀོད་སྒྲིག་བཅས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་།  མཐའ་དར་དམངས་ཕྱུག་དང་དབུལ་གྲོལ་འགག་སྒྲོལ་གྱི་སྦྲེལ་མཐུད་བྱེད་ས་འཚོལ་ཞིབ་ངང་གནད་འཕིགས་ཐུབ་པ་བྱས་ཐོག  སྦྲེལ་མཐུད་ཡག་པོ་དང་མཉམ་འདྲེས་གང་ལེགས་ངང་མ་དངུལ་སྒོར་དུང་ཕྱུར ༢༩ རུབ་བསྡུས་བྱས་ཏེ།  དབུལ་གྲོལ་འགག་སྒྲོལ་བྱ་སྤྱོད་ནང་ཐེ་ཞུགས་ཧུར་ཐག་བྱས་ཡོད།  སྤྱི་ལོ ༢༠༡༨ ལོར་ལྗོངས་ཡོངས་སུ་དབུལ་ཕོངས་མཐའ་མཚམས་རྫོང་ ༡༡ དབུལ་གྲོལ་ཐུབ་པ་དང་།  མི་རིགས་ཤང་དགུའི་ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་ཡོང་འབབ་སྒོར ༡༣༠༠༠ ལྷག་ཙམ་ཟིན་པ་མ་ཟད།  མཐའ་ཚམས་འབྱོར་འབྲིང་གྲོང་ཚོ ༡༧༩ འཛུགས་སྐྲུན་ལས་འགོ་བཙུགས་ནས་ད་བར་གྲོང་ཚོ ༥༠ འཛུགས་སྐྲུན་བྱས་ཟིན་པ་རེད།   
སྤྱི་ལོ ༢༠༡༨ ལོར་རང་ལྗོངས་ཀྱིས་བླ་ན་མེད་པའི་རྒྱལ་ཁོངས་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་ཅེས་པའི་བརྗོད་དོན་གཙོ་བོའི་མི་རིགས་མཐུན་སྒྲིལ་ལས་དོན་སྡེ་ཁུལ་དང་།  གྲོང་གསེབ།  སློབ་གྲྭ་སོགས་སུ་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ་མ་ཟད་ཕྱི་ཕྱོགས་ལ་ཡང་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡོད།  ལྷ་ས་གྲོང་ཁྱེར་དང་མཉམ་འབྲེལ་ཐོག་མི་རིགས་མཐུན་སྒྲིལ་གྱི་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ་ཐོག་ཐུན་མོང་ཐོག་མཐུན་སྒྲིལ་དང་མཛེས་སྡུག  བདེ་ཐང་།  བདེ་སྐྱིད་བཅས་ལྡན་པའི་ཆུ་ཤུར་གསར་པ་འཛུགས་སྐྲུན་བྱེད་ཅེས་བརྗོད་དོན་གཙོ་བོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ལས་དོན་གྲོང་གསེབ་དུ་སྤེལ་བའི་བྱེད་སྒོ་གཉེར་བ་དང་།  ཆབ་མདོ་གྲོང་ཁྱེར་དང་མཉམ་འབྲེལ་ཐོག་ཀྲུང་ཧྭ་ཡི་རིག་གནས་དང་བོད་ཀྱི་རིག་གནས།  ཆབ་མདོའི་རིག་གནས་བཅས་སྟེགས་བུ་གསུམ་གྱི་བརྗོད་དོན་གཙོ་བོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་དཔེ་སྟོན་ཁྲོམ་གཞུང་གཏོད་པའི་བྱེད་སྒོ་སོགས་སྤེལ་བས།  དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྣ་མང་ཕུན་སུམ་ཚོགས་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ལས་དོན་ལ་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་ཡོད།   
སྤྱི་ལོ ༢༠༡༩ ལོར་རང་ལྗོངས་ནས་ཏང་གི་མི་རིགས་རིག་གཞུང་དང་མི་རིགས་སྲིད་ཇུས།  མི་རིགས་ཁྲིམས་ལུགས་ཁྲིམས་སྲོལ་བཅས་དང་།  ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་གཙོ་གནད་ཐོག་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་ནས།  ལྗོངས་ཡོངས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་དྲིལ་བསྒྲགས་ཤུགས་ཆེ་བྱས་པ་རེད།  སྔོན་ཐོན་དཔེ་བཟང་མཉམ་སྡེབ་དང་མི་སྒེར་གྱི་མངོན་གསལ་དོད་པའི་བྱས་རྗེས་ཁག་ཅིག་དྲིལ་བསྒྲགས་བྱས་པ་བརྒྱུད།  མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྔར་བས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ།  རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ལས་ཀར་སྐུལ་སྤེལ་ནུས་ལྡན་བཏང་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]