དབུལ་གྲོལ་འགག་སྒྲོལ་དང་ཞིང་འབྲོག་མང་ཚོགས་འབབ་འཕར་ཡོང་རྒྱུ་དེ་རང་ལྗོངས་ཀྱི་ལས་དོན་གལ་ཆེན་ཞིག་ཡིན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-06-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༦ ཉིན།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དབུལ་གྲོལ་འགག་སྒྲོལ་དང་ཞིང་འབྲོག་མང་ཚོགས་ཚོའི་འབབ་འཕར་གནས་ཚུལ་གྱི་ཆེད་དོན་བརྟག་ཞིབ་ཚོགས་ཆུང་གི་ཚང་འཛོམས་ཚོགས་འདུ་ཐེངས་དང་པོ་འཚོགས་ཏེ།  ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་གྲོལ་འགག་སྒྲོལ་དང་ཞིང་འབྲོག་མང་ཚོགས་ཚོའི་འབབ་འཕར་གནས་ཚུལ་གྱི་ཆེད་དོན་བརྟག་ཞིབ་ལས་དོན་སྤེལ་རྒྱུའི་སྐོར་གྱི་ཇུས་གཞི་བརྡ་ཁྱབ་བཏང་བ་དང་།  རང་ལྗོངས་ཀྱི་དབུལ་གྲོལ་འགག་སྒྲོལ་དང་ཞིང་འབྲོག་མང་ཚོགས་ཚོའི་འབབ་འཕར་གནས་ཚུལ་སྐོར་གྱི་འབྲེལ་ཡོད་ཚན་པའི་ལས་དོན་སྙན་ཞུ་ཉན་པ་མ་ཟད་གོམ་སྟབས་རྗེས་མའི་བརྟག་ཞིབ་ལས་དོན་བཀོད་སྒྲིག་བྱས་པ་རེད། 
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་འཆི་མེད་རིག་འཛིན་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད། 
ཚོགས་འདུའི་ཐོག རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱིས་དབུལ་གྲོལ་འགག་སྒྲོལ་དང་ཞིང་འབྲོག་མང་ཚོགས་ཚོའི་འབབ་འཕར་གྱི་བརྟག་ཞིབ་ལས་དོན་སྒྲིག་འཛུགས་བྱས་ཏེ་སྤེལ་བ་དེའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིབ་ཟབ་བྱས་ཏེ།  མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས་དབུལ་གྲོལ་འགག་སྒྲོལ་ལ་རམ་འདེགས་བྱེད་དགོས་པ་དང་།  གཙོ་གནད་ཁུལ་ཁོངས་དང་སྲིད་ཇུས་དོན་འཁྱོལ།  ཕན་ནུས་གྲུབ་འབྲས།  དཀའ་ཁག་ཞན་ཆ་བཅས་མངོན་ཆེར་འཛིན་ཏེ་དབུལ་གྲོལ་འགག་སྒྲོལ་དང་ཞིང་འབྲོག་མང་ཚོགས་ཚོའི་འབབ་འཕར་གྱི་བརྟག་ཞིབ་ལས་དོན་ནན་ཏན་སྤེལ་དགོས་པ།  རྩ་འཛུགས་ཀྱིས་སྣེ་ཁྲིད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་བཀོད་སྒྲིག་ཞིབ་ཚགས་དང་གཞོགས་འདེགས་དམ་ཟབ།  མཐུན་སྦྱོར་ཧུར་ཐག་བཅས་བྱས་ཏེ་བརྟག་ཞིབ་བྱེད་སྟངས་གསར་གཏོད་བྱེད་དགོས་པ།  ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱས་ཏེ་བརྟག་ཞིབ་ལས་ཀར་དོན་དངོས་ཕན་འབྲས་ཐོན་ཐུབ་པ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།། 
 

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]