རང་ལྗོངས་ཀྱིས་མཐོ་རྒྱུགས་ཀྱི་ལས་ཀར་མཐོང་ཧ་ཅང་ཆེན་པོ་གནང་ཡོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-06-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༦ ཚེས ༧ ཉིན་ནི་རྒྱལ་ཡོངས་མཐོ་རྒྱུགས་ཀྱི་ཉིན་དང་པོ་དང་སྲོལ་རྒྱུན་གྱི་སྣོན་ཟླའི་ཚེས་ལྔ་ཡང་ཡིན།  ཉིན་དེའི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི། ལྗོངས་ཏང་ཨུད་སློབ་གསོ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཏིང་གཡས་ཤན་གྱིས་རུ་སྣེ་ཁྲིད་དེ་ལྷ་སའི་རྒྱུགས་ཁུལ་དང་།  རང་སྐྱོང་ལྗོངས་རྒྱལ་ཁབ་སློབ་གསོ་ཡིག་རྒྱུགས་བྱ་བའི་བཀོད་འདོམས་ལྟེ་གནས་སུ་ཡིག་རྒྱུགས་ལས་ཀ་སྤེལ་ཚུལ་ལ་སྐོར་གཟིགས་གནང་བ་མ་ཟད།  རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་།  ཧྲུའུ་ཅི་ཝུའུ་དབྱིན་ཇེ་བཅས་ཀྱི་ཚབ་ཞུས་ནས་མཐོ་རྒྱུགས་ལ་ཞབས་ཞུ་སྒྲུབ་མཁན་རྒྱ་ཆེའི་ལས་དོན་པར་དུས་ཆེན་གྱི་སྨོན་འདུན་ཞུས་གནང་བ་དང་སྦྲགས།  ཚང་མས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་སེམས་ནུས་ཡོད་རྒུས་འགན་འཁྲི་གཙང་སྒྲུབ་དང་ནུས་ཤུགས་ཡོད་རྒུས་མཐོ་རྒྱུགས་དང་འབྲེལ་བའི་ལས་དོན་ཁག་དམ་འཛིན་ཡག་པོ་བྱས་ནས་ལེགས་གྲུབ་ཡོང་བ་བྱེད་དགོས་པའི་བླང་བྱ་ཡང་བཏོན་གནང་བ་རེད།   
མཐོ་རྒྱུགས་རིང་ལྷ་ས་གྲོང་ཁྱེར་གྱི་ཡིག་རྒྱུགས་གཏོང་སའི་ཉེ་འགྲམ་དུ་བླང་བྱ་ལྟར་འགྲིམ་འགྲུལ་དོ་དམ་བྱས་ཡོད་པ་དང་།  ལྷ་ས་སློབ་འབྲིང་དང་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པའི་ནང་དུ་ལས་དོན་པ་ཚོས་ལག་ཁྱེར་བཏགས་ནས་རྒྱུགས་སྤྲོད་ལྟ་ཞིབ་ཀྱི་གོ་རིམ་ཚད་ལྡན་ངང་ལག་བསྟར་བྱེད་ཀྱི་ཡོད་པས་རྒྱུགས་ར་ཁག་གི་སྒྲིག་ལམ་ཡག་པོ་ཡོད།  ཏིང་གཡས་ཤན་སྔ་རྗེས་སུ་ཡིག་རྒྱུགས་གཏོང་གནས་གཉིས་ལ་ཕེབས་ནས་ཡིག་རྒྱུགས་གཏོང་མཁན་སློབ་མར་དམིགས་པའི་ཞབས་ཞུ་ས་ཚིགས་དང་དྲ་བའི་ལྟེ་གནས།  རྒྱུགས་ཤོག་གསང་གནས་བཅས་ལ་ཕེབས་ནས་ཡིག་རྒྱུགས་གཏོང་སའི་ལས་དོན་པ་དང་མཛའ་བརྩེའི་ངང་བཀའ་མོལ་གནང་བ་དང་།  རྒྱུགས་རའི་ཡིག་རྒྱུགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་ནས་ཡིག་རྒྱུགས་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་གནང་བ་རེད།   
དེ་རྗེས་ཏིང་གཡས་ཤན་རང་སྐྱོང་ལྗོངས་སློབ་གསོ་ཡིག་རྒྱུགས་ཁང་དུ་ཕེབས་ནས།  རང་སྐྱོང་ལྗོངས་རྒྱལ་ཁབ་སློབ་གསོ་ཡིག་རྒྱུགས་བྱ་བའི་བཀོད་འདོམས་ལྟེ་གནས་ཀྱི་སྦྲེལ་མཐུད་བརྙན་ལམ་བརྒྱུད།  རང་ལྗོངས་ཀྱི་རྒྱུགས་ཁུལ་བཅུའི་ལས་དོན་སྤེལ་ཚུལ་ཞིབ་བཤེར་གནང་བ་མ་ཟད་ཁས་ལེན་གང་ལེགས་གནང་བ་རེད། 
ཏིང་གཡས་ཤན་གྱིས་རྒྱུགས་སྤྲོད་ལྟ་ཞིབ་བྱེད་མཁན་དགེ་རྒན་ཚོས་འགན་འཁྲི་གཙང་སྒྲུབ་བྱས་ནས་རྒྱུགས་རའི་སྒྲིག་ཁྲིམས་འགན་སྲུང་བྱས་ཏེ་ཡིག་རྒྱུགས་གཏོང་མཁན་སློབ་མ་ཚོས་དྲང་བདེན་གྱི་ཡིག་རྒྱུགས་ཤིག་གཏོང་ཐུབ་པ་བྱེད་པ་དང་།  ཡིག་རྒྱུགས་འདྲ་མཉམ་དང་གཞུང་དྲང་ཡོང་བ་བྱེད་དགོས་པའི་བླང་བྱ་དོན་དངོས་ཐོག་མངོན་པ་བྱེད་དགོས་པ།  གྲོང་ཁྱེར༼ས་ཁུལ༽ཁག་དང་རྒྱུགས་ཁུལ་ཁག་གི་འགན་འཁུར་བློ་མཐུན་ཚོས་མཐོ་རྒྱུགས་ཀྱི་བདེ་འཇགས་དང་བརྟན་ལྷིང་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ནས་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་སྟེ་རྒྱུགས་ར་དང་ཡིག་རྒྱུགས་གཏོང་གནས།  རྒྱུགས་ཁུལ་བཅས་ཀྱི་མཐའ་འཁོར་གྱི་སྒྲིག་ལམ་འགན་སྲུང་བྱེད་དགོས་པ།  རྒྱུགས་ཁུལ་གྱི་བདེ་འཇགས་ཞིབ་བཤེར་དང་སྨན་བཅོས་སོགས་ཞབས་ཞུ་འགན་སྲུང་ལས་དོན་ཁག་ཡག་པོ་སྒྲུབ་སྟེ་ཡིག་རྒྱུགས་གཏོང་མཁན་སློབ་མ་ཚོར་ཞབས་ཞུ་སྤུས་ལེགས་སྒྲུབ་དགོས་པ།  དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ་སྤྱི་ཚོགས་ཀྱི་གླེང་ཕྱོགས་ལ་ཁྲིད་སྟོན་བྱས་ཏེ་དྲ་བའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་མཐའ་གཅིག་ཏུ་བཏང་ནས།  ཡིག་རྒྱུགས་དང་འབྲེལ་བའི་དྲ་བའི་ཁོར་ཡུག་གཙང་སེལ་བྱས་ཐོག་རྒྱུགས་སྤྲོད་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]