ཆེ་དགྲ་ལྷ་ནས་མི་དམངས་མང་ཚོགས་ཚོས་རིག་གནས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-06-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་བོད་ལྗོངས་རིག་གནས་རླུང་འཕྲིན་བརྙན་འཕྲིན་སྒྱུ་རྩལ་ལྟེ་གནས་འཛུགས་སྐྲུན་རྣམ་གྲངས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས།  རྣམ་གྲངས་ཀྱི་འཕེལ་རིམ་གནས་ཚུལ་སྙན་ཞུ་གསན་པ་དང་རྣམ་གྲངས་ཀྱི་ཇུས་གཞི་ཇུས་འགོད་སོགས་ལ་གྲོས་བསྡུར་གནང་བ་དང་སྦྲགས།  སྤུས་ཚད་མཐོ་བའི་གོང་འཕེལ་གྱི་འདུ་ཤེས་བརྟན་པོ་བཙུགས་ནས་མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་དགོངས་པ་ལག་ལེན་ཤུགས་ཆེ་བསྟར་རྒྱུ་དང་།  རྣམ་གྲངས་འཛུགས་སྐྲུན་ལས་དོན་ཁག་ལ་སྐུལ་སྤེལ་ཏན་ཏིག་བཏང་སྟེ་མི་དམངས་མང་ཚོགས་ཚོས་རིག་གནས་གོང་འཕེལ་གྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།  
ཆེ་དགྲ་ལྷས་བོད་ལྗོངས་རིག་གནས་རླུང་འཕྲིན་བརྙན་འཕྲིན་སྒྱུ་རྩལ་ལྟེ་གནས་ནི་རང་ལྗོངས་ཀྱི་གལ་ཆེའི་རིག་གནས་ལས་གཞི་དང་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་གལ་ཆེའི་འཐབ་ས་འཛུགས་སྐྲུན་བྱ་རྒྱུའི་རྣམ་གྲངས་གལ་ཆེན་ཞིག་རེད་ལ།  དམངས་འཚོའི་ཁྱབ་ཁོངས་ཀྱི་གལ་ཆེའི་རྣམ་གྲངས་ཤིག་ཀྱང་ཡིན་པས་རིམ་ཁག་ཚན་པ་ཁག་གིས་འགོ་འཛུགས་ས་མཐོ་བ་དང་ཚད་གཞི་མཐོ་བ།  སྤུས་ཚད་མཐོ་བ་བཅས་བྱས་ཏེ་སྔ་ཙམ་སྐྲུན་ཐུབ་པ་དང་སྔ་ཙམ་བེད་སྤྱོད་ཐུབ་པ།  སྔ་ཙམ་ཕན་འབྲས་ཐོན་ཐུབ་པ་བཅས་བྱེད་དགོས་པ།  ཇུས་འགོད་སྔར་བས་ལེགས་སུ་བཏང་སྟེ་མ་འོངས་པར་དམིགས་པ་དང་།  ཚན་རིག་དང་མཐུན་པའི་འཆར་འགོད་བྱས་ནས་ནུས་པའི་རང་བཞིན་དང་གོ་ཆོད་རང་བཞིན་མངོན་ཆེར་འཛིན་རྒྱུ།  ཞིབ་ཕྲའི་ལྷུ་ཚིགས་ལ་དོ་སྣང་བྱས་ཏེ་ཚན་རིག་དང་མཐུན་པའི་སྒམ་ནན་གྱི་རྣམ་འགྱུར་ཐོག་ནས་རྣམ་གྲངས་དེ་སྤུས་ལེགས་དང་རྩེ་གྲའི་ལས་གཞིར་འཛུགས་སྐྲུན་བྱེད་དགོས་པ།  མ་དངུལ་བེད་སྤྱོད་ལ་དོ་དམ་ནན་པོ་བྱས་ནས་ཞིབ་བཤེར་དང་ལྟ་སྐུལ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ།  སྒྲིག་འཛུགས་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ་དུས་ཚོད་རེའུ་མིག་བཟོས་ནས་ལས་རིམ་ལྡོག་སྒྲིག་བྱས་ནས་འགན་སྲུང་བྱེད་ཤུགས་ཆེ་གཏོང་བ་དང་།  རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུ་དེ་དམ་འཛིན་བྱེད་སར་ཏན་ཏིག་རྩིས་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་གྲ་རྒྱས་དང་དར་རྒྱས་ཡོང་རྒྱུར་སྐུལ་འདེད་ཤུགས་ཆེ་བཏང་སྟེ།  རྒྱུན་ཆད་མེད་པར་མི་དམངས་མང་ཚོགས་ཚོའི
་ཉིན་བཞིན་ཇེ་ཆེར་འགྲོ་བའི་བསམ་པའི་རིག་གནས་འཚོ་བའི་དགོས་མཁོ་སྐོང་དགོས་པ་བཅས་ཀྱི་མཛུབ་སྟོན་གནང་བ་རེད།། 
 

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]