ལྗོངས་དབུལ་གྲོལ་འགག་སྒྲོལ་བཀོད་འདོམས་པུས་ཚོགས་འདུ་ཐེངས༡༣པ་འཚོགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-06-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་གོང་།  རང་སྐྱོང་ལྗོངས་དབུལ་གྲོལ་འགག་སྒྲོལ་བཀོད་འདོམས་པུས་ཚོགས་འདུ་ཐེངས ༡༣ པ་འཚོགས་ནས།  སྤྱི་ལོ ༢༠༡༩ ལོར་དབུལ་ཞྭ་ཕུད་རྩིས་ཡོད་པའི་རྫོང་ ༡༩ ཡི་ནང་ཚབ་བྱེད་རྫོང་ལྔའི་དབུལ་གྲོལ་འགག་སྒྲོལ་དང་།  ལྷ་ས་གྲོང་ཁྱེར་གྱི་དབུལ་གྲོལ་འགག་སྒྲོལ་སྲ་བརྟན་མཐོར་གཏོང་ལས་གཞིའི་སྙན་ཞུ་ཉན་པ་དང་བསྟུན་གོམས་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བྱས་པ་རེད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་དབུལ་གྲོལ་འགག་སྒྲོལ་བཀོད་འདོམས་པུའི་བཀོད་འདོམས་པ་ནོར་བུ་དོན་གྲུབ་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད། 
ནོར་བུ་དོན་གྲུབ་ནས་རིམ་ཁག་ཚན་པ་ཁག་གིས་སློབ་གསོའི་དབུལ་སྐྱོར་དང་བདེ་ཐང་དབུལ་སྐྱོར་དམ་འཛིན་ཡག་པོ་བྱེད་པ་དང་།  སློབ་བྱོལ་ཚོད་འཛིན་དང་སློབ་ཞུགས་འགན་ལེན་ལས་དོན་ཡག་པོ་སྒྲུབ་ནས་དབུལ་ཕོངས་ཀྱི་སྣང་ཚུལ་མཐར་ཕྱིན་པ་སེལ་དགོས་པ་དང་།  ནད་གཞི་ཚབས་ཆེན་དང་གཅོང་ནད་རོགས་སྐྱོབ་ལས་དོན་ཡག་པོ་སྒྲུབ་སྟེ།  ནད་གཞིས་རྐྱེན་པས་དབུལ་པོར་གྱུར་བའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་པ།  ཐོན་ལས་དབུལ་སྐྱོར་ལ་དམ་འཛིན་ཡག་པོ་བྱེད་པ་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་བསྒྱུར་བཅོས་ལ་དམིགས་ནས།  མྱུར་སྒྲུབ་དབུལ་སྐྱོར་རྣམ་གྲངས་དེ་ཡུན་རིང་དབུལ་གྲོལ་བརྟན་པོ་ཐུབ་པ་བྱེད་པའི་ཐོན་ལས་གོང་འཕེལ་གཏོང་རྒྱུ་དང་ཟུང་འབྲེལ་ཡག་པོ་བྱས་ཏེ།  དབུལ་སྐྱོར་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་ནས་དབུལ་ཕོངས་མང་ཚོགས་དེ་བས་མང་བ་ལས་ཞུགས་ཐུབ་པ་བྱེད་དགོས་པ།  དབུལ་ཞྭ་ཕུད་ཟིན་པའི་རྫོང་༼ ཆུས ༽ཁག་སྲ་བརྟན་མཐོར་གཏོང་ཡོང་བ་བྱེད་པ་དང་།  ལྷག་པར་དུ་དབུལ་ལོག་ཐེབས་པའི་གནད་དོན་ལ་དོ་སྣང་བྱེད་དགོས་པ་མ་ཟད་རྗེས་སྙེགས་ཐག་གཅོད་བྱེད་དགོས་པ།  གྲོང་ཁྱེར༼ ས་ཁུལ ༽ཁག་དང་ཚན་པ་ཁག་གིས་སྲིད་ཇུས་དང་རྣམ་གྲངས་མུ་མཐུད་དོན་འཁྱོལ་ཡག་པོ་བྱས་ཏེ།  དབུལ་ཕོངས་ཁྱིམ་དུད་ཀྱི་སློབ་ཆེན་སློབ་མའི་ལས་ཞུགས་སོགས་གཙོ་གནད་ལས་ཀར་དམིགས་ནས།  བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར།  ཁེ་ལས་བཅས་དང་དེ་བཞིན་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་དང་སྦྲེལ་མཐུད་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ།  དུས་ཐོག་རྗེས་སྙེགས་དང་ཕན་འབྲས་ཐོན་པ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]