རང་ལྗོངས་ཀྱིས་རྒྱལ་ཡོངས་ས་གནས་སྲིད་གྲོས་ལས་ཀའི་ཉམས་མྱོང་སྤེལ་རེས་ཚོཌ་འདུའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-06-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་བསྟུད་མར་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ལྗོངས་ཡོངས་སུ་སྲིད་གྲོས་ཁོངས་གཏོགས་སྒྲིག་འཛུགས་བྱས་ཏེ་ཚོགས་འདུ་འཚོགས་པ་དང་གཅིག་བསྡུས་འཛིན་གྲྭ་གཉེར་བ།  བརྟག་ཞིབ་གྲོས་མོལ་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད།  རྒྱལ་ཡོངས་ས་གནས་སྲིད་གྲོས་ལས་ཀའི་ཉམས་མྱོང་སྤེལ་རེས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ་རེད། 
ཤེས་རྟོགས་བྱས་པར་གཞིགས་ན།  སློབ་སྦྱོང་བྱེད་སྒོ་སྤེལ་རིང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་འགོ་ཁྲིད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་རྒྱུས་རྨང་གཞི་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ།  རྩ་འཛུགས་ཀྱི་འགོ་ཁྲིད་རྒྱུར་ཤུགས་སྣོན་རྒྱག་པ་དང་ཕྱོགས་ཁག་གི་འགན་འཁྲི་དོན་འཁྱོལ་བྱས་ཐོག  སྔ་རྗེས་སུ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཚོགས་འདུ་དང་ཀྲུའུ་ཞིའི་ཚོགས་འདུ།  ལས་ཁུངས་ཏང་ཙུའུ་དང་དྲུང་ཡིག་ཆེ་མོའི་ཚོགས་འདུ་བཅས་འཚོགས་ནས་ཆེད་དོན་སློབ་སྦྱོང་དང་གོ་བ་ལེན་པའི་རྨང་གཞིའི་ཐོག་ཚོགས་འདུའི་དགོངས་དོན་དུས་ཐོག་ཏུ་ལྗོངས་ཏང་ཨུད་ལ་ཆེད་དོན་སྙན་ཞུ་ཕུལ་བ་རེད།  ད་བར་རང་སྐྱོང་ལྗོངས་སྲིད་གྲོས་དང་གྲོང་ཁྱེར༼ ས་ཁུལ ༽བདུན་གྱི་སྲིད་གྲོས།  རྫོང་༼ ཆུས༽༧༤ ཡི་སྲིད་གྲོས་བཅས་ཀྱིས་སྤྱི་ཡོངས་མཉམ་འགུལ་བྱེད་པ་དང་། རིགས་གཞུང་ལྟེ་བའི་ཚོགས་ཆུང་གི་གཅིག་བསྡུས་སློབ་སྦྱོང་དང་ཆེད་དོན་ཟུར་འཁྲིད།  བརྟག་ཞིབ་གྲོས་མོལ་སོགས་ཀྱི་རྣམ་པའི་ཐོག་ནས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པས།  རང་སྐྱོང་ལྗོངས་དང་གྲོང་ཁྱེར༼ ས་ཁུལ ༽ཁག་དང་རྫོང་༼ ཆུས ༽ཁག་གི་སྲིད་གྲོས་ཨུ་ཡོན ༥༠༠༠ ལྷག་ཙམ་དང་སྲིད་གྲོས་ལས་བྱེད་ལས་བཟོ་པ ༡༢༠༠ ལྷག་ཙམ་ལ་ཁྱབ་ཐུབ་པ་བྱུང་ནས་ཁྱབ་ཚད་བརྒྱ་ཆ ༡༠༠ ཟིན་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]