རང་ལྗོངས་ཀྱིས་རྒྱལ་ཁབ་བདེ་འཇཌ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ལས་ཀར་ཤུཌ་སྣོན་བརྒྱབ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-06-30

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུས་བརྙན་ལམ་ཚོགས་འདུ་འཚོགས་ནས་སྤྱི་བདེ་པུའི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།  གྲོང་ཁྱེར༼ ས་ཁུལ ༽ཁག་གི་ཉེ་དུས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་ཀའི་གནས་ཚུལ་སྙན་ཞུ་ཉན་ཞིང་དེང་སྐབས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་ཀའི་དུས་བབ་ལ་དབྱེ་ཞིབ་བྱས་པ་མ་ཟད།  ལྗོངས་ཡོངས་ཀྱི་གོམ་སྟབས་རྗེས་མའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་རྒྱུའི་ཐད་ནན་བཤད་དང་བཀོད་སྒྲིག་བྱས་ཡོད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི། ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་ཏིང་གཡས་ཤན་གྱིས་གསུང་བཤད་གནང་བ་དང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་ཚོགས་འདུར་ཕེབས་ཡོད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཧེ་ཝུན་ཧའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཏིང་གཡས་ཤན་ནས་ལྗོངས་ཡོངས་ཀྱི་རིམ་ཁག་ཚན་པ་ཁག་དང་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞེས་དང་བླ་ན་མེད་པའི་གུས་བཏུད་ཞུས་གནང་བ་དང་སྦྲགས།  རྙོགས་འཛིང་ཆེ་ལ་འགྱུར་ལྡོག་མང་བའི་རྒྱལ་སྤྱིའི་དུས་བབ་ལ་ངོས་འཛིན་གསལ་པོ་དང་སྟངས་འཛིན་ཡག་པོ་བྱས་ཏེ།  ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ཁྲོད་ཀྱི་བོད་ལྗོངས་ཀྱི་དམིགས་བསལ་དང་གལ་ཆེའི་གནས་བབ་ལ་གཞི་ཚུགས་པ་དང་།  རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ལ་རྩིས་ནས།  བརྟན་ལྷིང་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་བརྟན་ལྷིང་ཐོག་ནས་འཕེལ་རྒྱས་ཡོང་ཐབས་དང་འཕེལ་རྒྱས་ཐོག་ནས་བརྟན་ལྷིང་ཡོང་ཐབས་བྱེད་པ།  རྡུང་རྡེག་ཐོག་ནས་སྔོན་འགོག་ལ་སྐུལ་འདེད་གཏོང་བ་དང་རྡུང་རྡེག་དང་སྔོན་འགོག་ཟུང་འབྲེལ་བྱེད་པ།  རྩ་ལག་མཉམ་བཅོས་བྱེད་པ།  དོན་དངོས་དང་ཟུལ་འབྲེལ་དམ་ཟབ་བྱེད་པ།  མངོན་གསལ་དོད་པའི་གནད་དོན་ལ་དམ་པོར་དམིགས་པ།  བཀོད་སྒྲིག་ཞིབ་ཚགས་བྱེད་པ་བཅས་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོར་བརྟེན་ནས་བསམ་བློའི་གོ་རྟོགས་མཐོ་རུ་གཏོང་དགོས་པ།  གཙོ་གནད་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་སྤྱི་ཡོངས་ལ་ཞབས་ཞུ་སྒྲུབ་པ་དང་།  ཆོས་ལུགས་དང་དགོན་སྡེ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་རྒྱུན་གཏན་གྱི་སྒྲིག་ལམ་སྲུང་སྐྱོང་བྱེད་པ།  ནག་སེལ་གཤེད་བཅོམ་བྱེད་ཤུགས་ཆེ་རུ་བཏང་ནས་རྩ་བ་བརྟན་དུ་དང་འབྱུང་རྩ་གཙང་སེལ་བྱེད་པ།  འགལ་ཟླ་དང་རྩོད་གཞི་འགོག་སེལ་བྱེད་ཤུགས་ཆེ་རུ་གཏོང་བ།  སྤྱི་པའི་བདེ་འཇགས་སྲུང་ཤུགས་ཆེ་རུ་བཏང་ནས་ཞི་མཐུན་སྲུང་སྐྱོང་བྱེད་པ།  དངོས་འཐབ་ནང་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་གནད་དོན་དུས་ཐོག་དང་འཕྲལ་ཐག་ཆོད་པོའི་སྒོ་ནས་ཐག་གཅོད་ནུས་ལྡན་བྱེད་པ་བཅས་བྱས་ཏེ།  བྱ་ཐབས་ཁག་ཤུགས་འདོན་གནད་འཕིགས་དང་ལས་དོན་ཁག་གི་ཕན་འབྲས་ཏན་ཏིག་ནུས་ལྡན་ཡོང་བ་བྱེད་དགོས་པའི་ནན་གསུངས་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]