རང་ལྗོངས་ཀྱིས་གཞི་རིམ་ཏང་འཛུཌ་ལས་ཀར་ཤུཌ་སྣོན་བརྒྱབ་སྟེ་ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་སྔར་བས་བརྟན་དུ་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-07-01

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་བའི་ལོའི་ནང་།  རང་ལྗོངས་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་འཛུགས་ལ་དམ་འཛིན་ཡག་པོ་བྱེད་རྒྱུ་ནི་སྲིད་སྐྱོང་བྱས་རྗེས་ཆེ་ཤོས་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ།  མི་རྒྱུན་དང་དངོས་ཤུགས།  ནོར་ཤུགས་བཅས་གཞི་རིམ་ལ་ཁ་ཕྱོགས་རྒྱུ་རྒྱུན་འཁྱོངས་བྱས་པ་མ་ཟད།  ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུའི་གོ་སྐབས་དམ་འཛིན་བྱེད་པ་དང་།  སྒྲིག་འཛུགས་བྱེད་ནུས་ཆེ་རུ་གཏོང་རྒྱུ་དེ་ཆབ་སྲིད་ཀྱི་ནུས་པ་གཙོ་གནད་དང་མངོན་ཆེར་བརྩི་བ།  ཚད་གཞི་ཅན་གྱི་འཛུགས་སྐྲུན་བྱས་ནས་དམ་འཛིན་བཅས་བྱས་ཏེ།  གཞི་རིམ་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་ཡར་རྒྱས་དང་ཉམས་སད་ཐེག་ཐུབ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས་ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་སྔར་བས་བརྟན་དུ་བཏང་ཡོད།

རང་ལྗོངས་ཀྱིས་གཞི་རིམ་ཏང་རྩ་འཛུགས་ཚད་གཞི་ཅན་གྱི་འཛུགས་སྐྱོང་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས།  གཞི་རིམ་ཏང་ཀྲེ་པུའི་འཐབ་རྩོད་མཁར་རྫོང་ལྟ་བུའི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ཏེ།  དབུལ་གྲོལ་འགག་སྒྲོལ་ཁྲོད་དེའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་མངོན་གསལ་དོད་དུ་བཏང་ཡོད།  རང་ལྗོངས་ཀྱིས་ད་དུང་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཚན་ཁག་གི་སྟོབས་ཤུགས་ཆེ་རུ་ཏན་ཏིག་བཏང་ནས་ལས་ཞུགས་མ་ཐུབ་པའི་སློབ་ཆེན་སློབ་ཐོན་སློབ་མ་དང་དམག་ཞབས་འཐིམ་པའི་ཕུལ་བྱུང་དམག་མི།  ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་ཕྱུག་འགྱུར་སྣེ་ཁྲིད་པ།  རྫོང་དང་ཤང་གི་ལས་ཁུངས་དང་བྱ་གཞག་ཚན་པའི་ལས་དོན་པ་བཅས་ཀྱི་ཁྲོད་ནས་གྲོང་ཚོའི༼ སྡེ་ཁུལ ༽ལས་བྱེད་པ་འདེམས་རྒྱུར་སྣང་ཆེན་བྱས་པ་དང་།  གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ནང་སར་སྦྱོང་བརྡར་བྱེད་པར་གཏོང་བའི་འཆར་གཞི་ལག་བསྟར་བྱས་ཏེ།  རིམ་དབྱེ་འགན་འཁུར་བྱེད་སྟངས་བཟུང་ནས་ལོ་གསུམ་ནང་གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ནང་སར་རེས་སྐོར་སྦྱོང་བརྡར་ཐེངས་རེ་ཐུབ་པ་བྱས་ཡོད།  དེང་སྐབས་རང་སྐྱོང་ལྗོངས་ཀྱིས་དཔེ་སྟོན་འཛིན་གྲྭ་ཐེངས ༤ གཉེར་ནས་མི ༢༦༠ ལ་སྦྱོང་བརྡར་སྤྲད་པ་དང་།  ས་ཁུལ་དང་རྫོང་གིས་དཔེ་སྟོན་འཛིན་གྲྭ་ཐེངས ༢༤ གཉེར་ནས་མི ༩༠༠ ལྷག་ཙམ་ལ་སྦྱོང་བརྡར་སྤྲད་པ་དང་ཆབས་ཅིག  སྒྲིག་གཞི་བསྒྱུར་བཅོས་ཁྲོད་གོམ་སྟབས་གཅིག་མཚུངས་བྱས་ནས་ཏང་རྩ་འཇུགས་འཐུས་སྒོ་ཚང་དུ་བཏང་སྟེ།  སྒྲིག་གཞི་བསྒྱུར་བཅོས་དང་འབྲེལ་བའི་ལྗོངས་ཐད་གཏོགས་ལས་ཁུངས ༢༢ ཀྱི་ཏང་རྩ་འཛུགས་བཀོད་སྒྲིག་ཐད་ལེགས་སྒྲིག་བྱས་པ་རེད།

གཞན་ཡང་གྲོང་ཚོ་དང་ཚོགས་ཆུང་།  གཞུང་ཁོངས་ཁེ་ལས།  དམངས་བདེ་ཉེན་རྟོག་ལས་དོན་ས་ཚིགས།  མཉམ་སྦྲེལ་དྲ་ཚུགས།  དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་།  གཉིས་ལྡན་དུད་སྦྲེལ།  སློབ་གྲྭའི་གཞི་རིམ་ཏང་རྩ་འཛུགས་བཅས་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ཐོག  གསར་དར་ཁྱབ་ཁོངས་ཀྱི་ཏང་རྩ་འཛུགས་དང་ལས་དོན་ཁྱོན་ཡོངས་ལ་ཁྱབ་པའི་ཆེད་དོན་བྱ་སྤྱོད་སྤེལ་བ་དང་།  ད་བར་ལྗོངས་ཡོངས་ཀྱི་དཔལ་འབྱོར་རྩ་འཛུགས་གསར་པ་དང་སྤྱི་ཚོགས་རྩ་འཛུགས་གསར་པའི་ཏང་རྩ་འཛུགས ༢༡༦༠ བཙུགས་ཡོད།

ཉེ་བའི་ལོའི་ནང་།  རང་ལྗོངས་ཀྱིས་དབུལ་སྐྱོར་ཁྱབ་ཁོངས་ཁྲོད་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་དང་།  གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས།  ཆབ་སྲིད་ཀྱི་ཚད་གཞི་ནན་པོ་སྲུང་བ་དང་ཏང་ཡོན་དཔུང་ཁག་གི་སྤུས་ཚད་ལེགས་སུ་བཏང་སྟེ།  དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་ཆེད་རྐང་འཛིན་སྟོབས་ཤུགས་ཁག་ཅིག་མཁོ་འདོན་དང་གསོ་སྐྱོང་བྱས་ཡོད།  རྒྱུན་མཐུད་སློབ་གསོའི་ཐད་རང་ལྗོངས་ཀྱིས་ཏང་ཡོན་གྱི་ཆབ་སྲིད་སློབ་གསོ་དང་ཚད་ལོན་པའི་ཏང་ཡོན་བྱས་ནས་གདོང་ལེན་མིག་དཔེ་བྱེད་ཅེས་པའི་སློབ་གསོ་ཧུར་ཐག་སྤེལ་ཏེ།  ལོ་ལྟར་ལྗོངས་ཡོངས་ཀྱི་ཏང་ཡོན་ཚང་མར་རེས་སྐོར་སྦྱོང་བརྡར་ཐེངས་རེ་སྤྲོད་ཀྱི་ཡོད།  དེང་སྐབས་རང་སྐྱོང་ལྗོངས་ཀྱིས་དཔེ་སྟོན་སྦྱོང་བརྡར་འཛིན་གྲྭ་ཐེངས ༡༢ གཉེར་ནས་མི ༡༢༨༠ ལ་སྦྱོང་བརྡར་སྤྲད་པ་དང་།  ས་ཁུལ་དང་རྫོང་།  ཤང་།  གྲོང་ཚོ་བཅས་ཀྱིས་ཏང་ཡོན་མི་ཐེངས་ཁྲི་ཚོ ༢༥ ལ་སློབ་གསོ་སྦྱོང་བརྡར་སྤྲད་པ་རེད།  དེ་དང་ཆབས་ཅིག་ཞིང་འབྲོག་ཁུལ་གྱི་ཏང་ཡོན་ལས་བྱེད་པར་རྒྱང་ཁྲིད་སློབ་གསོ་སྤེལ་གནས་དང་སྐོར་སྐྱོད་ཏང་གི་སློབ་གྲྭ  ཞིང་འབྲོག་པར་མཚན་མོའི་འཛིན་གྲྭ་གཉེར་བ།  བོད་ཀྱི་ཏང་ཡོན་སློབ་གསོའི་སྟེགས་བུ།  བོད་ཀྱི་གདོང་ལེན་ཞེས་པའི་འཕྲིན་སྟེགས་སོགས་བེད་སྤྱོད་གང་ལེགས་བཏང་ནས།  རྒྱུན་ལྡན་རང་བཞིན་གྱི་སློབ་གསོ་སྤེལ་ཡོད།

གཞན་ཡང་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ལས་དོན་ལ་སྐུལ་འདེད་གནད་འཕིགས་བཏང་ནས།  གྲོང་ཚོར་བཅའ་སྡོད་ཁག་བརྒྱད་པའི་ལས་བྱེད་པ ༢༠༠༠༠ ལྷག་ཙམ་དང་གྲོང་ཚོའི་ཁག་གསུམ་པའི་ཧྲུའུ་ཅི་ཨང་དང་པོ ༥༤༠༠ ལྷག་ཙམ་གྲོང་ཚོར་ལས་ཀར་བྱེད་པར་འདེམས་མངག་བྱས་པ་དང་།  ལས་བྱེད་པ་གྲོང་ཚོར་བཅའ་སྡོད་བྱེད་གནས་ལེགས་སྒྲིག་བྱས་ཏེ་དབུལ་ཕོངས་རྫོང་ ༡༩ ཡི་དཀའ་ངལ་ཆེ་བ་དང་གནད་དོན་མང་བ།  ཆ་རྐྱེན་ཞན་པ་བཅས་ཀྱི་གྲོང་ཚོ་དང་སྡེ་ཁུལ ༤༧༤ ལ་རང་སྐྱོང་ལྗོངས་དང་གྲོང་ཁྱེར༼ ས་ཁུལ ༽གྱི་ཐོན་ཁུངས་ལེགས་ཆ་ཅུང་མངོན་གསལ་དོད་པའི་ལས་ཁུངས་བཀོད་སྒྲིག་བྱས་པ་དང་།  ཐིང་རིམ་པའི་ལས་བྱེད་པ ༥༥ གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ལ་བསྐོས་ནས།  ལེགས་ཆའི་སྟོབས་ཤུགས་གཅིག་བསྡུས་བྱས་ནས་དབུལ་གྲོལ་འགག་སྒྲོལ་ལས་དོན་ཡག་པོ་སྤེལ་ཡོད།

སྤྱི་ལོ ༢༠༡༩ ལོར་རང་ལྗོངས་ཀྱིས་ཏང་ཡོན་ལས་བྱེད་པ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་གཉེན་འབྲེལ་གྲོགས་འགྲིག་ཞེས་པའི་བྱེད་སྒོ་ནན་ཏན་སྤེལ་བ་དང་།  ལྗོངས་ཡོངས་ཀྱི་ཁོ་རིམ་པ་ཡན་གྱི་ཏང་ཡོན་ལས་བྱེད་པ་ཁྲི་ཚོ ༡༣ ལྷག་ཙམ་གྱིས་དབུལ་ཕོངས་མང་ཚོགས་ཁྲི་ཚོ ༢༦ ལྷག་ཙམ་དང་གཉེན་འབྲེལ་རོགས་སྐྱོར་གྱི་འབྲེལ་བ་བཙུགས་པ་རེད།  དེ་དང་ཆབས་ཅིག་རང་ལྗོངས་ཀྱིས་ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོའི་ཏང་རྩ་འཛུགས་རྒྱུན་མཐུད་བཅོས་སྒྲིག་བྱས་ཏེ།  བརྒྱ་ཆ ༡༠ ལས་མི་དམའ་བའི་བསྡུར་ཚད་གཞིར་བཟུང་ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོའི༼སྡེ་ཁུལ ༽ཏང་རྩ་འཛུགས་ལྡོག་སྒྲིག་བྱས་པ་དང་།  ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོའི༼ སྡེ་ཁུལ ༽ཏང་རྩ་འཛུགས ༥༨༠ ལྷག་ཙམ་གཏན་འཁེལ་བྱས་ཤིང་ད་བར་ཏང་རྩ་འཛུགས ༥༤ བཅོས་སྒྲིག་ལེགས་སྒྲུབ་ཟིན་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]