ལྗོངས་སྲིད་གཞུང་དང་ནོར་སྲིད་པུའི་བརྟག་ཞིབ་ཚོཌ་ཆུང་དབར་བཞུཌ་མོལ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-07-02

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༦ པའི་ཚེས ༢༥ ནས ༢༩ ཉིན་བར།  ནོར་སྲིད་པུའི་ཏང་ཙུའུ་ཡི་ཁོངས་མི། པུའུ་ཀྲང་གཞོན་པ་ཁྲེང་ལི་ཧྭ་དང་བཅས་པའི་བརྟག་ཞིབ་ཚོགས་ཆུང་གིས་ཉིང་ཁྲི་དང་ལྷ་ས།  གཞིས་རྩེ་བཅས་གྲོང་ཁྱེར་གསུམ་གྱི་སྡེ་ཁུལ་དང་ཁེ་ལས།  གྲོང་ཚོ་དང་གྲོང་རྡལ་སོགས་སུ་ཕེབས་ཏེ་རང་ལྗོངས་སུ་དབུལ་གྲོལ་འགག་སྒྲོལ་དང་ཁྲལ་རིན་གཉིས་གཅོག་སོགས་ཀྱི་ལས་དོན་སྤེལ་ཚུལ་ཐད་བརྟག་ཞིབ་གནང་བ་རེད།  སྤྱི་ཚེས ༢༧ ཉིན།  རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་ནོར་སྲིད་པུའི་བོད་སྐྱོར་བརྟག་ཞིབ་ཚོགས་ཆུང་དབར་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་ལྷན་དུ་ལྷ་སར་བརྟག་ཞིབ་གནང་བར་ཕེབས་ཡོད།

ཁྲེང་ལི་ཧྭ་ནས་བོད་ལྗོངས་ཀྱི་དབུལ་གྲོལ་འགག་སྒྲོལ་ལས་དོན་ཁྲོད་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་གྱི་དམིགས་ཚད་ལས་འགན་ལ་དམིགས་ཏེ།  གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས་ས་བབ་མཐོ་བའི་ས་ཁུལ་གྱི་འཐུང་ཆུའི་བདེ་འཇགས་དང་།  གཞི་རྩའི་སྨན་བཅོས་འགན་བཅོལ།  ཡུལ་ནད་འགོག་བཅོས།  སྡོད་ཁང་གི་བདེ་འཇགས་སོགས་ཞན་ཆའི་ལྷུ་ཚིགས་ཁག་གནས་བབ་ཨང་དང་པོར་འཇོག་པ་དང་།  དབུལ་སྐྱོར་མ་དངུལ་སྒྲིལ་བཅོས་དང་ལྟ་སྡོམ།  ལས་རྗེས་དཔྱད་ཞིབ་བཅས་བྱེད་ཤུགས་ཆེ་རུ་བཏང་ནས་དངུལ་སྐར་མ་གཅིག་ཀྱང་བེད་སྤྱོད་གནད་འཕིགས་བྱས་ཏེ་དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ།  ཁྲལ་རིན་གཉིས་གཅོག་ཐད་བརྟག་ཞིབ་དང་རྗེས་སྙེགས་དཔྱད་དཔོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  སྲིད་ཇུས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ།  ཚད་ཡོད་ཀྱི་མ་དངུལ་དེ་དམངས་འཚོ་ལེགས་བཅོས་དང་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་རྒྱུར་བེད་སྤྱོད་གཏོང་བ་བཅས་བྱེད་དགོས་པ་དང་།  ནོར་སྲིད་པུས་སྔར་རྒྱུན་བཞིན་བོད་ཀྱི་ལས་ཀར་སེམས་ཁུར་དང་རྒྱབ་སྐྱོར་བྱས་ཏེ།  བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་ལེགས་སྐྱེས་གང་ཡོད་འབུལ་རྒྱུ་ཡིན་ཞེས་གསུངས།

ཀྲོང་ཡན་ནས་ནོར་སྲིད་པུས་དུས་ཡུན་རིང་པོའི་ནང་བོད་ལ་དམིགས་བསལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་གནང་བ་དང་།  ནོར་སྲིད་པུས་བོད་ཀྱི་གོང་འཕེལ་ཐད་མུ་མཐུད་དེ་དམིགས་བསལ་ཐུགས་ཁུར་དང་རྒྱབ་སྐྱོར་ཤུགས་ཆེན་དང་།  མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ཐད་རྒྱབ་སྐྱོར་འཕར་གཟིགས་བྱེད་རྒྱུའི་ཐུགས་རེ་གནང་བ་དང་སྦྲགས།  རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ནོར་སྲིད་པུའི་སྲིད་ཇུས་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ།  དེ་བས་དོན་གཉེར་གྱི་སྤྱོད་ཚུལ་དང་དེ་བས་ནུས་ལྡན་གྱི་ལས་དོན་སྤེལ་ནས་འབད་འབུངས་ཡར་བརྩོན་དང་དངོས་འཛིན་དངོས་སྒྲུབ་ཐོག  ནོར་སྲིད་མ་དངུལ་བདེ་འཇགས་དང་ཚད་ལྡན།  ཕན་ཐོག་བཅས་ཀྱི་སྒོ་ནས་བེད་སྤྱོད་ཐུབ་པ་བྱེད་པ་དང་།  ཏང་གི་དམངས་ཕན་སྲིད་ཇུས་ཁག་དང་ཀྲུང་དབྱང་གིས་བོད་ལ་གནང་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ཐུབ་པ་བྱེད་རྒྱུ་ཡིན་ཞེས་གསུངས།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]