您没有安装FlashPlayer或版本太低, 请点击获得最新版本FlashPlayer
ཉེ་དུས། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཡུང་ཆི་ཡིས་བོད་ལྗོངས་སློབ་གྲྭ་ཆེ་མོ་དང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ལྷ་ཀླུ་སྡེ་ཁུལ་དུ་ཕེབས་ཏེ། ཏང་འཛུགས་བྱེད་ཚུལ་ལ་བརྟག་ཞིབ་གནང་བ་དང་གཞི་རིམ་གྱི་ཏང་ཡོན་དང་བཞུགས་མོལ་གནང་ཞིང་། མང་ཚོགས་ཀྱིས་བཏོན་པའི་གྲོས་འཆར་རེ་རེ་བཞིན་ལ་ལན་བསྐྱོན་པ་མ་ཟད། འབྲེལ་ཡོད་ཚན་པས་ཞིབ་འཇུག་ཐག་གཅོད་བྱེད་དགོས་པའི་བླང་བྱ་ཡང་བཏོན་གནང་བ་རེད།
ཁྲེང་ཡུང་ཆི་ནས་ཁག་དང་པོའི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་མཁན་ཚན་པས། ཀྲུང་དབྱང་གི་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་བླང་བྱ་གཞིར་བཟུང་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་དང་། ཁག་གཉིས་པའི་ཚན་པས་གོམ་སྟབས་གཅིག་མཚུངས་ངང་སློབ་སྦྱོང་སློབ་གསོ་དང་བརྟག་དཔྱད་ཞིབ་འཇུག་གནད་དོན་ཞིབ་དཔྱད། བཅོས་སྒྲིག་དོན་འཁྱོལ་བཅས་ཀྱི་ལས་དོན་ཡག་པོ་སྤེལ་དགོས་ཤིང་། ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་རྟག་ཏུ་ཏང་ལ་སེམས་ཁྲལ་བྱེད་པའི་བསམ་པ་དང་ཏང་སྟོབས་ཆེར་གཏོད་པའི་ཕུགས་འདུན་འཆང་བ་དང་། ཏང་གི་ཆེད་དུ་འགན་འཁུར་ཏེ་རང་འགུལ་ངང་ཐེངས་འདིའི་བརྗོད་དོན་གཙོ་བོའི་སློབ་གསོའི་ནང་ཧུར་ཐག་ཞུགས་དགོས་པའི་ནན་གསུངས་གནང་བ་རེད།།