ལྗོངས་ཏང་ཨུད་གཞུང་དོན་ཐིང་དང་སྲིད་གཞུང་གཞུང་དོན་ཐིང་གིས《བོད་རང་སྐྱོང་ལྗོངས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུ་ཆེད། “ང་དང་ངའི་མེས་རྒྱལ”ཞེས་པའི་མང་ཚོགས་རང་བཞིན་གྱི་བརྗོད་དོན་གཙོ་བོ་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྒྲིག་འཛུགས་རྒྱ་ཁྱབ་བྱས་ནས་སྤེལ་རྒྱུའི་ལས་ཀའི་ཇུས་གཞི》བཀྲམ་པ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-07-04

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་གོང་རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གིས།  བོད་རང་སྐྱོང་ལྗོངས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ ༧༠ འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུ་ཆེད།  ང་དང་ངའི་མེས་རྒྱལ་ཞེས་པའི་མང་ཚོགས་རང་བཞིན་གྱི་བརྗོད་དོན་གཙོ་བོ་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྒྲིག་འཛུགས་རྒྱ་ཁྱབ་བྱས་ནས་སྤེལ་རྒྱུའི་ལས་ཀའི་ཇུས་གཞི༼གཤམ་ལཇུས་གཞིཞེས་བསྡུ་རྒྱུ༽བཀྲམ་ཏེ།  རང་ལྗོངས་ཀྱིས་མང་ཚོགས་རང་བཞིན་གྱི་བརྗོད་དོན་གཙོ་བོ་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྒྲིག་འཛུགས་རྒྱ་ཁྱབ་བྱས་ནས་སྤེལ་རྒྱུའི་ཐད་བཀོད་སྒྲིག་ཞིབ་ཕྲ་བྱས་པ་རེད།

ཇུས་གཞིནང་རང་ལྗོངས་ཀྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་ནས།  སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་།  བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་དང་།  སློབ་སྦྱོང་ཉམས་ལེན།  སྤྱི་མཐུན་རྒྱལ་ཁབ་ཀྱི་གཏམ་རྒྱུད་ཕྱོགས་སྒྲིག  སྔོན་ཐོན་དཔེ་མཚོན་གྱི་སློབ་སྦྱོང་དྲིལ་བསྒྲགས།  མཉམ་དུ་རྒྱལ་དར་སྒྲེང་བ་དང་མཉམ་དུ་རྒྱལ་གླུ་གཏོང་བ།  སློབ་འགོ་ཚུགས་པའི་སློབ་ཚན་དང་པོའི་སློབ་གསོ།  དྲ་ཐོག་གི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོ།  སྐོར་སྐྱོད་འཚམས་འདྲི།  དུས་ཆེན་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོ།  རྒྱལ་སྲུང་སློབ་གསོ།  རིགས་ཁག་གི་མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་སོགས་རྒྱ་ཁྱབ་ངང་སྤེལ་ནས་སྤྱི་ཚོགས་ཀྱི་སྤྱི་པའི་ཁོར་ཡུག་གཏོད་དགོས་ཞེས་བཏོན་ཡོད།

ཇུས་གཞིནང་རང་ལྗོངས་ཀྱི་རིམ་ཁག་ཏང་ཨུད་ཀྱིས་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོའི་དོན་སྙིང་གལ་ཆེན་ངོས་འཛིན་གང་ལེགས་བྱས་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་ཚད་མཐོའི་འགན་འཁྲིའི་སེམས་པ་དང་ལས་འགན་སྒྲུབ་སེམས་ཀྱི་ཐོག་ནས་ལས་འགན་ཁག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། ཡང་དག་ཁ་ཕྱོགས་པའི་སྟངས་འཛིན་བྱས་ཏེ་ངེས་པར་དུ་ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཀྱི་བཀོད་སྒྲིག་བླང་བྱར་ནན་པོར་གཞིགས་ནས་གོ་རིམ་ལྡན་པའི་ངང་སྤེལ་བ་དང་།  ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ།  ངེས་པར་དུ་དར་ཆ་གསལ་སྟོན་གྱི་སྒོ་ནས་ཆབ་སྲིད་ལ་སྣང་ཆེན་བྱེད་པ་དང་སྟོན་ཕྱོགས་གསལ་པོ་ཡོང་རྒྱུ་མཐའ་འཁྱོངས་བྱེད་དགོས།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་།  དྲིལ་བསྒྲགས།  ལག་བསྟར་བཅས་གཏིང་ཟབ་བྱ་རྒྱུ་དེ་གནས་བབ་ཨང་དང་པོར་བཞག་ནས་མང་ཚོགས་རང་བཞིན་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོའི་ལྷུ་ཚིགས་ཁག་ཏུ་ཁྱབ་པར་བྱེད་དགོས་ཞེས་ནན་བཤད་བྱས་ཡོད།

ཇུས་གཞིནང་བྱེད་ལུགས་བྱེད་སྟངས་གསར་གཏོད་བྱས་ནས་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་གཞི་ཁྱོན་དང་ཟིལ་ཤུགས་ལྡན་པ་བྱེད་དགོས་ལ་སྤུས་ཚད་ལ་སྣང་ཆེན་དང་དངོས་ཕན་དོན་གཉེར་ཡང་དེ་བས་བྱེད་དགོས།  གཞི་རིམ་དང་མང་ཚོགས་ཁྲོད་གཞི་ཚུགས་པའི་རྩ་དོན་མཐའ་འཁྱོངས་བྱས་ནས་བསམ་བློའི་ནང་དོན་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་གཏམ་རྒྱུད་ཡག་པོ་བརྗོད་པ་དང་གནས་ལུགས་གསལ་བཤད་བྱས་ནས་བཅོས་མིན་དང་།  གསོན་ཤུགས་ལྡན་པ།  མང་ཚོགས་དང་འབྲེལ་འདྲིས་ཐུབ་སྟེ་ཕྱོགས་ཡོངས་དང་ཟུར་ཚད་མང་པོའི་ཐོག་ནས་བསམ་བློའི་སློབ་གསོའི་ལས་དོན་སྤེལ་དགོས།  ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དོན་འཁྱོལ་ནན་པོ་བྱས་ནས་གཟབ་རྒྱས་དང་སྤྲོ་སེམས་འཁོལ་ལ་དངོས་གཉེར་བབ་ཆགས་ཡོང་བ་བྱེད་དགོས་པ་མ་ཟད།  བདེ་འཇགས་ཀྱི་འགན་འཁྲི་བྱེད་སྒོའི་ལྷུ་ཚིགས་ཁག་ནང་དོན་འཁྱོལ་བྱས་ནས་བྱེད་སྒོ་ཁག་བདེ་འཇགས་དང་གོ་རིམ་ལྡན་པ་དང་དགའ་སྤྲོ་འཆམ་མཐུན་ཡོང་བའི་འགན་ལེན་བྱེད་དགོས་ཞེས་བླང་བྱ་བཏོན་ཡོད།།

  ༼  རྩོམ་སྒྲིག་བློ་གྲོས། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]