རང་ལྗོངས་ཚན་པ་ཁག་གིས་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་ཧུར་ཐག་སྤེལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-07-05

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་བསྟུད་མར།  རང་ལྗོངས་ཀྱི་ས་གནས་ཁག་དང་ཚན་པ་ཁག་གིས་དོན་དངོས་ལ་གཞིས་ཚུགས་པ་དང་།  བྱེད་སྟངས་བྱེད་ལུགས་གསར་གཏོད་ངང་ཆབ་སྲིད་ཀྱི་རང་རྟོགས་ཆེན་པོ་དང་བསམ་པའི་ཉམས་འགྱུར་བཟང་པོའི་སྒོ་ནས།  ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཏེ་གོ་བ་ལེན་པ་དང་ཁོང་དུ་ཆུད་པ།  དངོས་སུ་སྒྲུབ་པ་བཅས་ཧུར་ཐག་ཐུབ་པ་བྱས་ནས་ཕན་འབྲས་དངོས་ཐོན་རྒྱུ་འགན་སྲུང་བྱས་ཡོད།

ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་གཏིང་ཟབ་སྤེལ་རྒྱུའི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའུ་ཡི་བཀོད་སྒྲིག་གཞིར་བཟུང་།  སྤྱི་ཟླ་བདུན་པའི་ཚེས ༢ གྱི་ཕྱི་དྲོ།  རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའི་ཁོངས་མིས་གཅིག་བསྡུས་ཐོག་ཏང་འཛུགས་ཀྱི་རླབས་ཆེའི་མཛད་རྗེས་ཞེས་པའི་གློག་བརྙན་བལྟས་པ་དང་།  ཅིང་ཀང་ཧྲན་གྱི་སྙིང་སྟོབས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་འགྲེམས་སྟོན་ལ་ལྟ་སྐོར་བྱས་ནས།  རང་རེའི་ཏང་གིས་བརྒྱུད་མྱོང་བའི་འོད་སྟོང་འབར་བའི་ལོ་རྒྱུས་ལ་གོ་བ་ཟབ་མོ་ལོན་པ་བྱས་ཏེ།  ཐུན་མོང་ཐོག་གསར་བརྗེའི་སྲོལ་རྒྱུན་སྙིང་སྟོབས་ཀྱི་སློབ་གསོ་དང་ལེན་བྱས་ཡོད།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་མོའུ་ཅུན་དང་ཀྲང་ཡུང་ཙེ།  ལོ་མེ།  འཇམ་དཔལ་བཅས་བྱེད་སྒོའི་ནང་ཞུགས་ཡོད་པ་དང་།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་ར་བློ་བཟང་བསྟན་འཛིན་གདན་ཞུས་ལྟར་བྱེད་སྒོར་ཞུགས་ཡོད།

བྱེད་སྒོའི་ཁྲོད་ཚང་མས་གསོན་ཉམས་དོད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཏང་གི་སློབ་ཚན་དེས་ང་ཚོའི་ཏང་ནི་རླབས་ཆེ་བ་དང་གཟི་བརྗིད་ལྡན་པ།  ཡང་དག་པ་བཅས་ཡིན་པ་སྔར་བས་མྱོང་ཚོར་ཐུབ་ནས་དད་གུས་སྐྱེས་པ་དང་སེམས་འགུལ་ཐེབས་པ།  སློབ་གསོ་ཐེབས་པ་བཅས་བྱུང་།  སླད་ཕྱིན་གྱི་ལས་ཀའི་ནང་ཐོག་མའི་བསམ་འདུན་སྐྱོང་བ་དང་འགན་འཁྲི་འཁུར་བ།  ཧེ་བག་འཚོལ་བ།  དོན་འཁྱོལ་ལ་དམ་འཛིན་བྱེད་པ་བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་།  ཐོག་མའི་བསམ་འདུན་དང་འགན་འཁྲིར་དམིགས་ནས་ཧེ་བག་འཚོལ་བ་དང་གོ་བ་ལེན་པ།  ཁོང་དུ་ཆུད་པ།  དངོས་སུ་སྒྲུབ་བཅས་ཐད་ཤུགས་སྣོན་རྒྱག་པ་དང་།  མིག་དཔེ་བཏོན་ཏེ་ཡང་དག་པའི་སྲིད་ཇུས་ཀྱི་ལྟ་བ་བཙུགས་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤང་སྟེ་དངོས་འཛིན་དངོས་སྒྲུབ་དང་སྤྱོད་ཚུལ་བསྒྱུར་བཅོས་ཐོག་ནས།  ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ།  དུས་རབས་གསར་པའི་བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

སྤྱི་ཟླ་བདུན་པའི་ཚེས ༣ ཉིན།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་དབུས་ཏུང་གིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་རང་སྐྱོང་ལྗོངས་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གི་རིག་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སྤྱི་ལོ ༢༠༡༩ ལོའི་ཆེད་དོན་སློབ་སྦྱོང་ཐེངས་བཞི་པའི་སློབ་སྦྱོང་ཚོགས་འདུ་ཐེངས་དགུ་པ་གཙོ་སྐྱོང་གནང་སྟེ།  ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་སོགས་གལ་ཆེའི་ནང་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་པ་རེད།  ཝང་དབུས་ཏུང་གིས་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུ་དེ་གལ་ཆེའི་གནས་བབ་ཐོག་འཇོག་པ་དང་།  ཐོག་མཐའ་བར་གསུམ་དུ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་གནད་དོན་ཐད་བོད་ལ་དམིགས་གསལ་རང་བཞིན་གང་ཡང་མེད་པའི་བསམ་བློ་རྒྱུན་འཁྱོངས་ངང་འགན་འཁྲི་ཧུར་ཐག་སྒྲུབ་པ་དང་ནན་དུ་བཏང་ནས།  དུས་རབས་གསར་པའི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་རླབས་ཆེའི་རྒྱལ་ཁ་ལེན་ཆེད་སྲ་ཞིང་བརྟན་པའི་སྒྲིག་ཁྲིམས་ཀྱི་འགན་སྲུང་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།

སྤྱི་ཟླ་བདུན་པའི་ཚེས ༣ ཉིན་གྱི་སྔ་དྲོ།  ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ་ཀའོ་ཡང་གིས་ལྗོངས་སྲིད་གྲོས་ཏང་ཙུའི་རིག་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སྤྱི་ལོ ༢༠༡༩ ལོའི་སློབ་སྦྱོང་ཚོགས་འདུ་ཐེངས་བཞི་པ་དང་།  ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་སློབ་སྦྱོང་ཞིབ་བསྡུར་ཚོགས་འདུ་ཐེངས་གཉིས་པ་གཙོ་སྐྱོང་གནང་བ་རེད།
སྤྱི་ཟླ་བདུན་པའི་ཚེས ༣ ཉིན་གྱི་སྔ་དྲོ།  ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་ཚན་ཁག་གི་ཁོངས་མིས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་དེ།  བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་དུ་ལྟ་སྐོར་བྱས་ཏེ།  རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ལེན་བྱེད་པ་དང་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་རེད།
སྤྱི་ཟླ་བདུན་པའི་ཚེས ༣ ཉིན་གྱི་སྔ་དྲོ།  རང་སྐྱོང་ལྗོངས་རིག་གནས་ཐིང་གིས་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ།  རང་སྐྱོང་ལྗོངས་བཙོན་ཁང་དུ་བསྐྱོད་དེ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་རེད།
ཉིན་ཤས་གོང་རང་ལྗོངས་གནམ་གཤིས་ལས་ཁུངས་གིས་ཐོག་མའི་བསམ་འདུན་མི་བརྗེད་པར་ཏང་གི་རྗེས་སུ་འབྲངས།  འགན་འཁྲི་བློ་ལ་བརྟན་པོར་འཆང་ནས་བྱས་རྗེས་གསར་པ་འཇོག་ཅེས་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་བྱས་པ་རེད།།

  ༼  རྩོམ་སྒྲིག་བློ་གྲོས། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]