ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-07-05

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་འཚོགས་བྱས་ཏེ།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་གྲོས་ཞིབ་བྱས་པའི་ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་གཞིའི་སྒྲིག་ཁོངས་ལས་དོན་སྲོལ་ཡིག་དང་ཀྲུང་གོ་གུང་ཁྲན་ཏང་གི་གྲོང་གསེབ་ལས་དོན་སྲོལ་ཡིག་གི་དགོངས་དོན་གཙོ་བོ་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་ཤིང་།  ཉེན་ཁ་ཆེ་གྲས་སྔོན་འགོག་དང་སེལ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མཆན་གལ་ཆེན་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅོ་ལྔ་པའི་ཐོག་གི་གསུང་བཤད་གལ་ཆེན།  བློ་མཐུན་ཧོང་ཝུན་ཤིའུ་ཡི་སྔོན་ཐོན་བྱས་རྗེས་ཐད་གནང་བའི་བཀའ་སློབ་གལ་ཆེན་གྱི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།  ཞིང་ཆེན་དང་རང་སྐྱོང་ལྗོངས།  གྲོང་ཁྱེར་བཅས་ཁག་ཅིག་གིས་འཚོགས་པའི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་བཞུགས་མོལ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།  ཀྲུང་དབྱང་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་འབྲེལ་ཡོད་བརྡ་ཐོའི་དགོངས་དོན་དང་ཀྲུང་དབྱང་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ ༡༣ པ་དང་བོད་རང་སྐྱོང་ལྗོངས་ཀྱི་སྦྲེལ་མཐུད་ཚོགས་འདུ་ཐེངས་གཉིས་པའི་ལྡོག་འདྲེན་བསམ་འཆར་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་བཅས་མ་ཟད།  རང་ལྗོངས་སུ་ལག་བསྟར་བྱ་ཐབས་ལ་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་བྱས་པ་དང་།  དབུལ་སྐྱོར་ཁྱབ་ཁོངས་ནས་སྤྱི་ལོ ༢༠༡༩ ལོའི་ལྟ་སྐུལ་ཞིབ་བཤེར་སྐབས་ཤེས་རྟོགས་བྱུང་བའི་གནད་དོན་བཅོས་སྒྲིག་བྱས་ཚུལ་ཉན་པ་དང་།  རང་ལྗོངས་ཀྱི་སློབ་གསོའི་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ལག་བསྟར་བསམ་འཆར་དང་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཁག་ཅིག་རྩིས་མེད་གཏོང་རྒྱུ་དང་ནུས་པ་མེད་པར་ཁྱབ་བསྒྲགས་བྱེད་རྒྱུ།  བཟོ་བཅོས་རྒྱག་རྒྱུ་བཅས་སྐོར་གྱི་གཏན་འབེབས་སོགས་ལ་ཞིབ་འཇུག་བྱས་པ་རེད།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཇེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་གྲོས་ཞིབ་བྱས་པའི་ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་གཞིའི་སྒྲིག་ཁོངས་ལས་དོན་སྲོལ་ཡིག་དང་ཀྲུང་གོ་གུང་ཁྲན་ཏང་གི་གྲོང་གསེབ་ལས་དོན་སྲོལ་ཡིག་གིས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་བཟོ་རྒྱུ།  ལམ་ལུགས་ཀྱིས་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་རྒྱུ།  ཏང་གིས་སྒྲིག་གཞིའི་སྒྲིག་ཁོངས་དང་གྲོང་གསེབ་ལས་དོན་ལ་འགོ་ཁྲིད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་བཅས་ལ་གལ་ཆེའི་དོན་སྙིང་ལྡན་པས།  རིམ་ཁག་ཏང་ཨུད་དང་ཏང་རྩ་འཛུགས་དང་འབྲེལ་ཡོད་ཚན་པས་སྲོལ་ཡིག་སློབ་སྦྱོང་དང་དྲིལ་བསྒྲགས་ནན་ཏན་བྱེད་པ་དང་།  སྒྲིག་གཞིའི་སྒྲིག་ཁོངས་ལས་དོན་ལ་མཐོང་ཆེན་བྱེད་པ།  སྒྲིག་གཞིའི་སྒྲིག་ཁོངས་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ།  སྒྲིག་གཞིའི་སྒྲིག་ཁོངས་ཀྱི་སྒམ་ནན་རང་བཞིན་ཆེ་རུ་གཏོང་བ།  སྒྲིག་གཞིའི་སྒྲིག་ཁོངས་དོ་དམ་ལ་རྩ་འཛིན་རང་བཞིན་གྱི་གཅུན་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བ།  གཙོ་གནད་མངོན་ཆེར་འཛིན་པ་དང་གཅིག་འགྱུར་འཆར་འགོད་ཐོག་ལྟ་རྟོག་བྱེད་པ།  སྒྲིག་ཁོངས་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་པ།  སྒྲིག་ཁོངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བདེ་འཁོད་ལ་ཞབས་འདེགས་ཞུ་དགོས་པ་དང་།  ཏང་གིས་གྲོང་གསེབ་ལས་དོན་ལ་ཁྱོན་ཡོངས་འགོ་ཁྲིད་རྒྱུར་གས་སྣོན་རྒྱག་པ་དང་ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་སྔོན་ལ་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས།  གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གོང་འཕེལ་ལ་སྐུལ་སྤེལ་གཏོང་དགོས་པ།  ལས་དོན་མཐའ་དག་དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་ལ་དམིགས་ནས།  གྲོང་ཁྱེར་དང་གྲོང་རྡལ་དང་ཞིང་འབྲོག་ཁུལ་གྱི་ཡོང་འབབ་དམའ་བའི་མི་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སེམས་ཁུར་བྱས་ཏེ།  དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པ་བཅས་ཀྱི་མཛུབ་སྟོན་བྱས་ཡོད།

ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་རིམ་ཁག་ཚན་པ་ཁག་གིས་རྒྱལ་ཁབ་ཀྱི་སྤྱིའི་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ཏེ།  རྗེས་ཡོང་སྔོན་དྲན་གྱི་འདུ་ཤེས་དང་ཉེན་ཁ་སྔོན་འགོག་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་།  གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ།  མཐའ་ཚད་གྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ཏེ་ཁྱབ་ཁོངས་ཁག་དང་ལས་རིགས་ཁག་ནང་གནས་པའི་ཉེན་ཁའི་འགྲན་སློང་ལེབ་བཤེར་ནན་ཏན་བྱེད་དགོས་པ་དང་།  རང་ངོས་ཀྱི་ལས་ཀ་ཡག་པོ་སྒྲུབ་པ་དང་གནད་དོན་ལ་ལྟ་ཞིབ་དང་ཧེ་བག་འཚོལ་བ།  བྱ་ཐབས་ནུས་ལྡན་བཟུང་བ།  ཆད་སྐྱོན་གསབ་པ་བཅས་བྱས་ཏེ་དུས་ཐོག་ཏུ་ཉེན་ཁའི་རྐྱེན་རྩ་སེལ་དགོས་པའི་ནན་བཤད་བྱས་ཡོད།

ཚོགས་འདུའི་ཐོག་ཉེ་དུས་རང་ལྗོངས་སུ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་སྦྲགས།  ཐོག་མའི་བསམ་འདུན་སྐྱོང་བ་དང་འགན་འཁྲི་ཁུར་དུ་ལེན་པ།  ཧེ་བག་འཚོལ་བ།  དོན་འཁྱོལ་དམ་དུ་འཛིན་པ་བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་བརྗོད་དོན་གཙོ་བོའི་སློབ་གསོ་རྒྱུན་ཆད་མེད་པར་གཏིང་ཟབ་སྤེལ་ཏེ།  རང་ངོས་གསར་བརྗེ་བྱ་རྒྱུའི་སྙིང་སྟོབས་ཀྱི་ཐོག་ནས་ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས་པ་དང་།  བརྗོད་དོན་གཙོ་བོའི་སློབ་གསོའི་ནང་བཏོན་པའི་མངོན་གསལ་དོད་པའི་གནད་དོན་བརྒྱད་དང་།  ལྗོངས་ཏང་ཨུད་ནས་གསལ་སྟོན་བྱས་པའི་བཅོས་སྒྲིག་གཙོ་གནད་ཁག་བཞིར་དམིགས་ནས།  གནས་པའི་གནད་དོན་ལ་ཞིབ་བཤེར་བྱས་ཏེ་ཧེ་བག་འཚོལ་བ་དང་དོན་འཁྱོལ་དམ་དུ་འཛིན་ངང་།  བརྗོད་དོན་གཙོ་བོའི་སློབ་གསོར་གྲུབ་འབྲས་ཏན་ཏིག་ཐོབ་པ་བྱེད་དགོས་པའི་ནན་བཤད་བྱས་ཡོད།

ཚོགས་འདུའི་ཐོག་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་སྐོར་ལ་སྤྱི་ཁྱབ་ཧྲུའུ་ཅིས་གནང་བའི་རྣམ་བཤད་གལ་ཆེན་དང་སྐོར་གཟིགས་ལས་དོན་སྐོར་ལ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ།  ཆབ་སྲིད་ཀྱི་སྐོར་གཟིགས་སྐོར་ཞིབ་ལ་ཤུགས་སྣོན་བརྒྱབ་ནས་ཏང་ཡོན་ལས་བྱེད་པའི་དཔུང་ཁག་ཁྲོད་གནས་པའི་ངོ་གཉིས་མ་གཙང་སེལ་བྱེད་དགོས་པ་དང་།  ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་ལེན་ནན་པོ་བསྟར་ཏེ།  ཕྱི་ཚུལ་རིང་ལུགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱས་ནས།  གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཀྱི་བྱ་ཐབས་འགའ་ཞིག་ཞེས་པ་དེ་ལག་བསྟར་བྱས་ཏེ།  ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཏན་ཏིག་སྤོང་དགོས་པ་དང་།  དབང་ཡོད་ཇུས་མེད་དང་འགན་མི་འཁུར་བ།  དགོས་པའི་ལས་མི་བྱེད་པར་ལས་འགྱངས་གཏོང་བ་བཅས་ཀྱི་སྣང་ཚུལ་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས་པ།  རིམ་ཁག་ཏང་ཨུད་ཀྱིས་རང་རྟོགས་ངང་བྱེད་པོའི་འགན་འཁྲི་སྒྲུབ་པ་དང་འགོ་ཁྲིད་རྒྱུར་ཤུགས་སྣོན་བརྒྱབ་ནས།  སྐོར་གཟིགས་སྐོར་ཞིབ་ལས་དོན་གྱི་སྤུ་གྲི་ལྟ་བུའི་ནུས་པ་འདོན་དགོས་པ་བཅས་ཀྱི་མཛུབ་སྟོན་བྱས་ཡོད།

ཚོགས་འདུའི་ཐོག་དབུལ་སྐྱོར་ཁྱབ་ཁོངས་ཀྱི་སྤྱི་ལོ ༢༠༡༩ ལོའི་ལྟ་སྐུལ་ཞིབ་བཤེར་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་བཅོས་སྒྲིག་ལས་ཀར་ཁས་ལེན་བྱས་པ་དང་སྦྲགས།  རིམ་ཁག་ཚན་པ་ཁག་གིས་གནས་པའི་གནད་དོན་སྔར་བས་ལེགས་བཅོས་བྱས་ཏེ།  གནད་དོན་གྱི་ཞིབ་ཐོ་བཟོ་བ་དང་འགན་འཁྲི་ཁ་གསལ་དང་བྱ་ཐབས་སྤེལ་ཤུགས་ཆེ་རུ་བཏང་ནས།  གནད་དོན་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་དགོས་པ་དང་།  དབུལ་གྲོལ་བྱེད་རྒྱུའི་རང་ལྗོངས་ཀྱི་རྫོང་ ༡༩ ཡི་དབུལ་ཕོངས་མི་འབོར་ཁྲི་ཚོ ༡༥ ལ་དམིགས་ནས་ཐོན་ལས་ཀྱི་སྐུལ་ཁྲིད་དང་སྲིད་ཇུས་ཀྱི་སྐུལ་ལྕག  ལས་ཞུགས་སྔོན་འཇོག  བོད་སྐྱོར་གྱི་རོགས་རམ།  སྤྱི་ཚོགས་འགན་བཅོལ་གྱི་ཐ་གྲས་སྐྱོང་བ་བཅས་རྒྱུན་འཁྱོངས་ངང་ཐབས་ཇུས་ལག་བསྟར་གནད་འཕིགས་བྱས་ནས།  རྫོང་རེ་རེ་བཞིན་ལ་དབུལ་གྲོལ་བྱ་ཐབས་བཟོས་ཐོག་ད་ལོ་དབུལ་པོ་དབུལ་རྐྱང་སྤྱིར་ན་མེད་པ་བཟོ་ཐུབ་པ་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

ཚོགས་འདུའི་ཐོག་ཀྲུང་དབྱང་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཅུ་གསུམ་པ་དང་བོད་རང་སྐྱོང་ལྗོངས་ཀྱི་སྦྲེལ་མཐུད་ཚོགས་འདུ་ཐེངས་གཉིས་པའི་ལྡོག་འདྲེན་བསམ་འཆར་བརྒྱུད་བསྒྲགས་བྱས་པ་དང་སྦྲགས།  རིམ་ཁག་ཚན་པ་ཁག་གིས་ལས་རིགས་ཀྱི་ཟང་ཟིང་སྣང་ཚུལ་བཅོས་སྒྲིག་ཤུགས་ཆེ་བྱེད་པ་དང་།  མང་ཚོགས་ཉེ་འགྲམ་གྱི་ནག་གཤེད་ཕྱོགས་གཏོགས་ལ་རྡུང་རྡེག་ཚ་ནན་བཏང་ནས།  དུས་བདེ་ཞི་མཐུན་གྱི་ཁོར་ཡུག་བཟང་པོ་གཏོད་དགོས་པ་དང་།  ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ལྡོག་འདྲེན་བསམ་འཆར་གྱི་བཅོས་སྒྲིག་ལས་དོན་ཏན་ཏིག་སྤེལ་ནས།  ལས་འགན་ཞིབ་ཕྲ་བཟོ་བ་དང་བྱ་ཐབས་ཁ་གསལ་བཟོ་བ།  འགན་འཁྲི་དོན་འཁྱོལ་ཡོང་བ་བཅས་བྱས་ཏེ་བཅོས་སྒྲིག་དོན་འཁྱོལ་ཐུབ་པ་བྱེད་དགོས་པའི་ནན་བཤད་བྱས་ཡོད།

ཚོགས་འདུའི་ཐོག་རང་ལྗོངས་ཀྱི་སློབ་གསོའི་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ལག་བསྟར་བསམ་འཆར་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའུ་ཡི་དགོངས་དོན་སྐོར་ལ་རྩ་དོན་ཐོག་གྲོས་འཆམ་བྱུང་བ་དང་།  ད་དུང་དེ་མིན་བྱ་བར་ཞིབ་འཇུག་བྱས་པ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]