ཏིང་གཡས་ཤན་གྱིས་ལྷ་སར་སྤྱི་ཚོགས་ཞབས་ཞུ་དང་དགོན་སྡེ་དོ་དམ་སོཌ་ཀྱི་ལས་ཀར་བརྟག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-07-08

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༧ པའི་ཚེས ༦ ཉིན།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཏིང་གཡས་ཤན་གྱིས་སྔ་རྗེས་སུ་ལྷ་ལྡན་གཙུག་ལག་ཁང་དང་ར་མོ་ཆེ་གཙུག་ལག་ཁང་།  ཕོ་བྲང་པོ་ཏ་ལ།  སེ་ར་དགོན།  འབྲས་སྦུངས་དགོན་བཅས་སུ་ཕེབས་ཏེ།  སྤྱི་ཚོགས་ཞབས་ཞུ་དང་དགོན་སྡེ་དོ་དམ་སོགས་ཀྱི་ལས་དོན་སྤེལ་ཚུལ་ཐད་བརྟག་ཞིབ་གནང་བ་རེད།

པོ་ཏ་ལའི་ཐང་ཆེན་སོགས་སུ་དམག་མིའི་སྨན་པ་ཚོས་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་ཏེ་གྲོང་མི་ཚོར་གཟུགས་པོ་བརྟག་དཔྱད་དང་སྨན་སྤྲོད་པ་སོགས་གཟིགས་སྐབས།  ཏིང་གཡས་ཤན་ནས་བོད་སྡོད་དཔུང་སྡེས་ཞབས་ཞུའི་བྱེད་སྒོ་དེ་རིགས་སྤེལ་ཤུགས་ཆེ་རུ་བཏང་སྟེ་མི་དམངས་མང་ཚོགས་ཀྱི་བདེ་སྣང་དང་ཐོབ་སྣང་།  སྐྱིད་སྣང་བཅས་ཆེ་རུ་ཏན་ཏིག་གཏོང་རྒྱུའི་ཐུགས་རེ་གནང་བ་རེད།  ལྷ་ལྡན་གཙུག་ལག་ཁང་དུ་ཐེ་ཝན་ནས་ཕེབས་པའི་ཡུལ་སྐོར་བའི་ཚོགས་པ་ཞིག་ལ་བོད་དུ་ཡུལ་སྐོར་བྱེད་པའི་ཚོར་སྣང་གང་འདྲ་ཡོད་མེད་བཀའ་འདྲི་གནང་བ་དང་།  བོད་ལྗོངས་ཀྱི་ཡུལ་སྲོལ་གོམས་གཤིས་ངོ་སྤྲོད་གནང་བ་མ་ཟད།  བོད་ལྗོངས་དང་ཐེ་ཝན་ནི་གནའ་སྔ་མོ་ནས་མེས་རྒྱལ་གྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཀྱང་ཡིན་པས།  ཁྱེད་ཚོས་བོད་ལྗོངས་སུ་མང་ཙམ་ཕེབས་ཏེ་གོང་འཕེལ་འགྲོ་བཞིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པར་ཉམས་ལེན་བྱེད་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས།

བརྟག་ཞིབ་གནང་རིང་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་རྒྱག་ཚུལ་དང་གསར་གཏོད་བྱེད་ཚུལ།  རིག་དངོས་སྲུང་སྐྱོབ་བྱེད་ཚུལ་སོགས་ཐད་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་སྦྲགས།  རྒྱ་ཆེའི་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་ཚོས།  ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ།  ཏང་གི་ཆོས་ལུགས་ལས་ཀའི་གཞི་རྩའི་མཛད་ཕྱོགས་དང་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་པ་དང་།  ཆོས་ལུགས་ལས་ཀའི་ཁྱད་ཆོས་དང་ཆོས་ཉིད་ཁོང་དུ་ཡང་དག་ཆུད་པ་བྱས་ནས་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་དགོས་པ།  རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་སློབ་སྦྱོང་ཧུར་ཐག་བྱས་ནས་ཁྲིམས་ལྟར་དོ་དམ་དང་དམངས་གཙོའི་དོ་དམ།  སྤྱི་ཚོགས་ཅན་གྱི་དོ་དམ་བཅས་ཟུང་འབྲེལ་བྱས་ཏེ་བོད་བརྒྱུད་ནང་བསྟན་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམས་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་པ་བཅས་ཀྱི་ནན་གསུངས་གནང་བ་རེད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]