ཏིང་གཡས་ཤན་གྱིས་ལྗོངས་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུཌ་ལས་གཏོད་ལས་ཀའི་འགོ་ཁྲིད་ཚོཌ་ཆུང་གི་ཚོཌ་འདུ་གཙོ་སྐྱོང་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-07-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི། རང་སྐྱོང་ལྗོངས་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཏིང་གཡས་ཤན་གྱིས།  རང་སྐྱོང་ལྗོངས་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་ཀའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ་དང་།  ཚོགས་འདུའི་ཐོག  གྲོང་ཁྱེར༼ ས་ཁུལ ༽ཁག་དང་ཚན་པ་ཁག་གིས་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལས་ཀར་སྐུལ་འདེད་བཏང་བའི་སྐོར་ཉན་པ་དང་།  གྲུབ་འབྲས་དང་ཉམས་མྱོང་ལ་ཕྱོགས་བསྡོམས་བྱས་པ་མ་ཟད་བྱ་ཐབས་ཞིབ་འཇུག་དང་ལས་དོན་བཀོད་སྒྲིག་ཀྱང་བྱས་ཏེ།  ད་ལོའི་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་ཀར་ཕན་འབྲས་དེ་བས་ཆེ་བ་དང་ལས་འགན་དོན་འཁྱོལ་དེ་བས་ཡག་པ་ཡོང་བ་བྱས་ཡོད།

ཏིང་གཡས་ཤན་ནས་སྤྱི་ལོ ༢༠༡༩ ལོའི་ཚུན་དུ་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་འགོ་ཁྲིད་འོག  གྲོང་ཁྱེར༼ ས་ཁུལ ༽ཁག་དང་ཚན་པ་ཁག་གིས་ལས་ཞུགས་ལས་གནས་ཁྲི ༦ ལྷག་གསར་སྤེལ་བྱས་ཏེ་ལས་མི་བསྡུ་བའི་བྱེད་སྒོ་ཐེངས ༡༨༣ གཉེར་ཡོད།  སྤྱི་ཟླ ༥ པའི་ཚེས ༣༠ ཉིན་བར།  སྤྱི་ལོ ༢༠༡༩ ལོར་སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་རིགས་ཁག་གི་ཁ་གསབ་མ་དངུལ་སྒོར་ཁྲི ༣༣༡༦ ལྷག་དོན་འཁྱོལ་བྱས་ཡོད་པས།  སློབ་ཆེན་སློབ་ཐོན་སློབ་མ་མི་ཐེངས ༥༠༢༩ ལ་ཕན་ཐོགས་བྱུང་ཡོད།  སྤྱི་ཟླ ༦ པའི་ཚེས ༢༤ ཉིན་བར།  ད་ལོ་སློབ་ཆེན་ཐོན་པའི་རང་ལྗོངས་ཀྱི་སློབ་མ་ལས་ཞུགས་ཐུབ་ཚད་བརྒྱ་ཆ ༤༡.༢༡ ཟིན་པའི་ནང་།  ཁྲོམ་རར་བརྟེན་ནས་ལས་ཞུགས་ཐུབ་མཁན་གྱིས་བརྒྱ་ཆ ༧༨.༢༡ བཟུང་ཡོད་ཅེས་གསུངས།

གོམ་སྟབས་རྗེས་མའི་ལས་དོན་སྔར་བས་ཡག་པོ་སྒྲུབ་རྒྱུའི་ཐད།  ཏིང་གཡས་ཤན་ནས་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ཡག་པོ་སྒྲུབ་སྟེ་འགན་འཁྲི་དོན་འཁྱོལ་ལ་དམ་འཛིན་བྱེད་པ་དང་།  བསམ་བློའི་ངོས་འཛིན་སྔར་བས་གཅིག་འགྱུར་ཡོང་བ་བྱེད་པ།  ལས་ཞུགས་ཐབས་ལམ་སྔར་བས་རྒྱ་སྐྱེད་གཏོང་བ།  ལས་གནས་བཀོད་སྒྲིག་སྔར་བས་གནས་འཕིགས་ཡོང་བ་བྱེད་པ།  སློབ་གསོ་ཁྲིད་སྟོན་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ།  སྲིད་ཇུས་དྲིལ་བསྒྲགས་ལ་སྔར་བས་ཤུགས་སྣོན་རྒྱག་པ།  ལས་ཀའི་མཉམ་ཤུགས་ཆགས་རྒྱུར་སྐུལ་འདེད་སྔར་ལས་ལྷག་པ་གཏོང་བ་བཅས་བྱས་ཏེ།  ད་ལོར་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལས་ཀའི་ཕན་འབྲས་སྔར་བས་ཆེ་བ་དང་ལས་འགན་སྔར་བས་དོན་འཁྱོལ་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད།

ཚོགས་འདུ་དེ་ནི་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་པ་དང་།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲེ་མའུ་ཅུན་དང་ཀྲང་ཡན་ཆིང་རྣམ་གཉིས་ཚོགས་འདུར་ཕེབས་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]