རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ནས་འགོ་འཇོ་རྫོང་དུ་ལས་དོན་རྟོག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-07-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེ་མོ་ལིའུ་ཅང་གིས་སྔ་རྗེས་སུ་ཆབ་མདོ་གྲོང་ཁྱེར་འགོ་འཇོ་རྫོང་གི་ལྷ་རྒྱལ་དང་ཨ་དབང་།  འབུམ་སྐྱེས།  བྱང་གསུམ།  ལྷ་ཐོ་བཅས་སུ་ཕེབས་ཏེ་བརྟན་ལྷིང་སྲུང་སྐྱོང་དང་དབུལ་གྲོལ་འགག་སྒྲོལ་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་དང་།  ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་དང་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུ་དང་བསྟུན་ནས།  རྒྱ་ཁྱབ་ཐོག་བསམ་འཆར་བསྡུ་ལེན་གནང་བ་མ་ཟད་ཐེག་པ་ཁུར་ལེན་ཐོག་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བ།  དཀའ་སྒྲུབ་དངོས་སྒྲུབ་ཀྱི་ཐོག་ནས་ལས་དོན་དོན་འཁྱོལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་གསུངས་ཀྱང་གནང་བ་རེད། 
ལིའུ་ཅང་ནས་དགོན་སྡེའི་དམངས་བདག་ཨུ་ཡོན་ལྷན་ཁང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།  དམངས་བདག་ཨུ་ཡོན་ལྷན་ཁང་གིས་གྲོང་ཚོའི་ཨུ་ཡོན་ལྷན་ཁང་གཉིས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་རྒྱུར་ཁྲིད་སྟོན་བྱས་ནས།  ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་རིགས་རྒྱུན་མཐུད་ཆུང་དུ་གཏོང་བ་དང་མང་ཚོགས་ཀྱིས་ཚེ་འདིའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་རྒྱུར་ཁྲིད་སྟོན་བྱེད་དགོས་པ་དང་།  མང་ཚོགས་ལ་སློབ་གསོ་གཏོང་ཤུགས་ཆེ་རུ་བཏང་སྟེ་ཁོང་ཚོས་ས་ངན་གནས་སྤོས་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལ་བསམ་ཤེས་དང་རྒྱབ་སྐྱོར་བྱེད་རྒྱུར་ཁྲིད་སྟོན་བྱས་ནས།  དོན་དངོས་བྱ་སྤྱོད་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུ་དགོས་པ།  ཞིང་འབྲོག་པ་དང་ལྷག་པར་དུ་ན་གཞོན་ཚོའི་ལག་རྩལ་སྦྱོང་བརྡར་ལ་དམ་འཛིན་ཡག་པོ་བྱས་ཏེ།  ཁོང་ཚོར་ཡོང་འབབ་གསོག་པའི་རྩལ་ནུས་སྣེ་རེ་ཡོད་པ་བྱེད་དགོས་པ་དང་།  དབུལ་གྲོལ་འགག་སྒྲོལ་གྱི་ལས་དོན་ཡག་པོ་སྤེལ་ནས་ད་ལོ་དབུལ་པོ་དབུལ་རྐྱང་སྤྱིར་ན་མེད་པ་བཟོ་ཐུབ་པ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]