ཆེ་དགྲ་ལྷས་ས་བབ་ཧ་ཅང་མཐོ་བའི་ས་ཁུལ་གྱི་སྐྱེ་ཁམས་གནས་སྤོའི་ལས་དོན་འགོ་ཁྲིད་ཚོཌ་ཆུང་གི་ཆེད་དོན་ཚོཌ་འདུ་གཙོ་སྐྱོང་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-07-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་ཆར།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ས་བབ་ཧ་ཅང་མཐོ་བའི་ས་ཁུལ་གྱི་སྐྱེ་ཁམས་གནས་སྤོའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་སྟེ་གོམ་སྟབས་རྗེས་མའི་ལས་དོན་ཞིབ་འཇུག་བཀོད་སྒྲིག་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ།  རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡུང་ཙེ་དང་འཇམ་དཔལ་ཚོགས་འདུར་ཞུགས་པ་རེད།

ཆེ་དགྲ་ལྷས་བླང་བྱ་བཏོན་གནང་དོན།  རིམ་པ་ཁག་དང་སྡེ་ཚན་ཁག་གིས་བཀའ་དྲིན་ཚོར་བཞིན་ཞུམ་མེད་མདུན་སྐྱོད་བྱས་ཏེ།  ཐོག་མའི་བསམ་འདུན་སྲུང་བ་དང་།  འགན་འཁྲི་འཁུར་བ།  ཧེ་བག་འཚོལ་བ།  དོན་འཁྱོལ་ལ་དམ་འཛིན་བཅས་ཀྱི་སྤྱིའི་བླང་བྱར་དམ་པོར་དམིགས་ནས་དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་སེམས་ལ་འཇོག་པ་དང་ལས་དོན་མཐའ་དག་དམངས་ཀྱི་ཆེད་དུ་སྒྲུབ་པ་དང་།  གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས།  ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ལྟ་བ་འཛུགས་པ།  གཙོ་གནད་ལ་དམིགས་པ་དང་།  བྱེད་ཐབས་གསར་གཏོད།  སྲིད་ཇུས་ཀྱི་ཚད་གཞི་སྟངས་འཛིན།  ལྟ་འདོམས་ལ་ཤུགས་སྣོན།  སེམས་ནུས་གཅིག་སྒྲིལ་གྱིས་ཚོད་ལྟའི་ལས་དོན་ཡག་པོ་སྤེལ་བ།  གོམ་སྟབས་རྗེས་མའི་ལས་དོན་ལ་ཉམས་མྱོང་གསོག་པ།  མི་འབོར་གྱི་གཞི་ཁྱོན་གཅིག་སྡུད་འོས་འཚམ་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཆེ་རུ་གཏོང་དགོས།  ཚན་རིག་དང་མཐུན་པའི་ངང་ལས་དོན་ཁག་ལ་སྤྱི་འདོམས་ཚོད་ལྟ་བྱེད་པ་དང་།  སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན་སོགས་གཞི་རྩའི་སྤྱི་པའི་ཞབས་ཞུའི་སྒྲིག་ཆས་དང་།  ཁང་པ་དང་།  འགྲོ་ལམ།  གློག་ཤུགས་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་གཏོང་དགོས་པ།  འཆར་འགོད་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་ལ་སྙན་སེང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་སྟེ་སྔ་ཙམ་མཆན་འགོད་དང་།  སྔ་ཙམ་ལག་བསྟར།  སྔ་ཙམ་ཕན་འབྲས་ཐོན་པ་བཅས་ཀྱི་བརྩོན་ལེན་བྱེད་དགོས་པ།  གང་ཐུབ་ཅི་ཐུབ་དང་ནུས་པས་ལྕོགས་ཚོད་མཐའ་འཁྱོངས་ཀྱིས་གནད་སྨིན་གྱི་བླང་བྱར་གཞི་ཚུགས་པ་དང་ཞིབ་རྩིས་རྒྱག་མཁས་པོ་བྱས་ཏེ་མ་དངུལ་གྱི་ཕན་འབྲས་ལ་དམ་འཛིན་ནན་པོ་བྱས་ནས་ཚད་ཡོད་པའི་མ་དངུལ་དེ་དག་མཁོ་ཆེ་སར་སྤྱོད་དགོས་པ།  མ་གནས་ཞིབ་རྩིས་དང་དཔྱད་དཔོག་རྩིས་བཤེར་ཡག་པོ་བྱས་ཏེ་ཏང་ཨུད་དང་སྲིད་གཞུང་ལ་ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པར་གཞི་འཛིན་ས་མཁོ་འདོན་བྱེད་དགོས་པ།  རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་ལག་ལེན་ནན་པོ་བསྟར་ཏེ་གང་གསུང་དེ་སྒྲུབ་ཏན་ཏིག་བྱེད་དགོས་པ།  མང་ཚོགས་ཀྱི་ལས་དོན་གཏིང་ཟབ་དང་།  ཞིབ་ཕྲ།  ཏན་ཏིག་བཅས་བསྒྲུབས་ཏེ་ཐོན་ལས་ཆ་སྒྲིག་ཐད་ཤུགས་སྣོན་རྒྱག་པ་དང་།  ཆེད་ལས་མཉམ་ལས་རྩ་འཛུགས་གོང་འཕེལ་ཤུགས་ཆེན་གཏོང་བ།  ལས་རིགས་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ།  གནས་སྤོ་མང་ཚོགས་ཚོའི་རྗེས་མཐུད་ཀྱི་འཕེལ་རྒྱས་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་བཅས་བྱས་ཏེ་གནས་སྤོ་ཐུབ་པ་དང་།  གཞིས་ཆགས་ཐུབ་པ།  ཕྱུག་པོ་ཆགས་ཐུབ་པ་བཅས་བྱེད་དགོས།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]