རང་ལྗོངས་ཀྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་འཆང་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཕྱོཌ་ཡོངས་ནས་སྤེལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-07-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རང་ལྗོངས་ཀྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཕྱོགས་ཡོངས་ནས་སྤེལ་བ་དང་།  ཚན་པ་ཁག་ནས་སློབ་སྦྱོང་གི་གཙོ་གནད་ལ་སྟངས་འཛིན་ཏན་ཏིག་བྱེད་པ་དང་བཀོད་སྒྲིག་དང་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ།  ཏང་ཡོན་ལས་བྱེད་ལས་བཟོ་པས་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་བྱེད་རྒྱུ་དང་བསམ་གཞིགས་གཏིང་ཟབ་ངང་སློབ་སྦྱོང་བྱེད་རྒྱུ།  དོན་དངོས་དང་བསྟུན་ནས་སློབ་སྦྱོང་བྱེད་རྒྱུ་བཅས་ལ་ཁྲིད་སྟོན་བྱས་ཏེ།  སློབ་སྦྱོང་བྱས་འབྲས་ནང་སེམས་རྒྱུད་ལ་འཇགས་པ་བྱས་ཡོད། 
ཉེ་དུས།  ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་ཏང་ཡོན་ལས་བྱེད་པ ༤༠ ལྷག་ཙམ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་དུ་ལྟ་སྐོར་ལ་ཁྲིད་དེ།  ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་གཅིག་བསྡུས་སློབ་སྦྱོང་བྱེད་སྒོ་སྤེལ་བ་དང་།  དྲན་གསོ་ཁང་དུ་རྩ་ཆེའི་ལོ་རྒྱུས་ཀྱི་རིག་དངོས་དཔྱད་གཞིའི་ཐོག་ནས་ལོ་ངོ་ ༦༠ ཡི་ཚུན་དུ།  ཀྲུང་གོ་གུང་ཁྲན་ཏང་གི་སྣེ་ཁྲིད་འོག་བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཚོས་རང་རྐྱ་འཕེར་བ་དང་མཐུན་སྒྲིལ་འབད་འཐབ་ངང་།  དབུལ་ཕོངས་དང་རྗེས་ལུས་ཀྱི་བོད་རྙིང་པ་དེ་དཔལ་འབྱོར་དང་རིག་གནས་དར་རྒྱས་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་ཐོན།  སྐྱེ་ཁམས་ཁོར་ཡུག་ལེགས་པ།  མི་དམངས་བདེ་སྐྱིད་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པར་སྐྲུན་ཚུལ་མངོན་ཡོད།  ལྟ་སྐོར་མཇུག་སྒྲིལ་རྗེས་ཚང་མས་བསམ་བློའི་རང་རྟོགས་ཀྱིས་བྱ་སྤྱོད་ཀྱི་རང་རྟོགས་ལ་ཁྲིད་སྟོན་བྱེད་པ་དང་།  བྱ་སྤྱོད་ཀྱི་རང་རྟོགས་ཀྱིས་བསམ་བློའི་རང་རྟོགས་ཟབ་ཏུ་བཏང་སྟེ།  རང་ལྗོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་ཀར་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས།

ཉེ་དུས།  བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྒྲིག་ལམ་ནན་པོ་སྲུང་བ་དང་ཆོས་ལུགས་ཀྱི་ཤུགས་རྐྱེན་ངན་པ་སེལ་རྒྱུས་བརྗོད་དོན་གཙོ་བོ་བྱས་པའི་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་ཞེས་པའི་ཆེད་དོན་ཞིབ་བསྡུར་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ་རེད།  བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཏང་ཨུད་ཀྱི་ཨུ་ཡོན། དབུ་འཛིན་གཞོན་པ་ཝུའུ་ཤིང་ཡོན་གྱིས་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་འདི་ཉིད་ཏང་གི་གསུང་སྒྲ་བརྒྱུད་སྤེལ་བྱེད་མཁན་ཞིག་ཡིན་པའི་ངོས་ནས།  རང་འགུལ་ངང་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཁྲོད་ཀྱི་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་།  མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན།  ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་བཅས་ཀྱི་འགན་འཁྲི་འཁུར་ཏེ་ཡར་ཐོན་སྐྱོན་བྲལ་དང་སྣ་མང་ཕུན་སུམ་ཚོགས་པའི་ལེ་ཚན་ཐོག་ནས།  ལྗོངས་ཡོངས་མི་རིགས་ཁག་གི་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་སྟེ།  རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་བསམ་བློའི་ལྟ་བ་འགྱུར་ལྡོག་འགྲོ་རྒྱུར་ཁྲིད་སྟོན་བྱེད་རྒྱུ་ཡིན་ཞེས་གསུངས། 
ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོར་སྐུལ་འདེད་གཏིང་ཟབ་གཏོང་ཆེད།  ཉེ་དུས།  རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་ལས་ཁུངས་དེའི་སྤྱི་ལོ ༢༠༡༨ ལོ་ནས་སྤྱི་ལོ ༢༠༡༩ ལོའི་བར་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་ཕུལ་བྱུང་ཏང་དོན་ལས་དོན་པ།  སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ལ་གཟེངས་བསྟོད་བྱེད་པའི་ཚོགས་འདུ་འཚོགས་པ་དང་།  གཟེངས་བསྟོད་ཚོགས་འདུ་གྲོལ་རྗེས་ཚང་མས་མུ་མཐུད་ཏང་གི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་།  འགན་སེམས་ཆེ་རུ་བཏང་ནས་མང་ཚོགས་ལ་བྱ་བཟང་སྒྲུབ་པ་དང་ཏང་གི་ཆེད་དུ་བྱས་རྗེས་འཇོག་རྒྱུ་ཡིན་ཞེས་གསུངས།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]