རང་ལྗོངས་ཀྱིས་ལྐོག་ཚོང་ལ་རྡུང་རྡེག་གཏོང་བའི་ལས་ཀར་ཤུཌ་སྣོན་བརྒྱབ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-07-11

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་གོང་རང་ལྗོངས་ཀྱིས་ལྐོག་ཚོང་ལ་རྡུང་རྡེག་གཏོང་བའི་སྤྱི་ལོ ༢༠༡༩ ལོའི་ལས་དོན་ཚོགས་འདུ་འཚོགས་ནས།  ལྐོག་ཚོང་ལ་རྡུང་རྡེག་གཏོང་བའི་སྤྱི་ལོ ༢༠༡༨ ལོའི་ལས་ཀར་ཕྱོགས་བསྡོམས་བྱས་པ་དང་དུས་བབ་ལ་དབྱེ་ཞིབ་བྱས་ནས།  ལྐོག་ཚོང་ལ་རྡུང་རྡེག་གཏོང་བའི་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བྱས་པ་རེད།  རང་སྐྱོང་ལྗོངས་ཀྲུའུ་ཞི་གཞོན་པ་ལོ་མེའེ་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད། 
ཚོགས་འདུའི་ཐོག བྱེད་པོའི་འགན་འཁྲི་བརྟན་དུ་གཏོང་བ་དང་ཐེག་པ་འཁུར་ལེན་ལ་ཤུགས་སྣོན་བརྒྱབ་སྟེ།  སྒྲིག་གཞིའི་འགན་སྲུང་འཐུས་ཚང་བཟོས་ཐོག་འགན་འཁྲི་དོན་འཁྱོལ་ངང་ལྟ་སྐུལ་ཞིབ་བཤེར་ལ་དམ་འཛིན་ཡག་པོ་བྱེད་དགོས་པ་དང་།  རྨང་གཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་ལྐོག་ཚོང་ལ་རྡུང་རྡེག་གཏོང་བའི་ལས་ཀའི་རང་འགུལ་དབང་ཆ་དམ་པོར་བཟུང་བ།  ཆེད་ལས་ཅན་གྱི་འཛུགས་སྐྱོང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ།  ལྐོག་ཚོང་ལ་རྡུང་རྡེག་གཏོང་བའི་དཔུང་ཁག་སྤྱོད་གཙང་གཞུང་དྲང་ཡོང་བ་བྱེད་པ།  དཔྱད་ཞིབ་དང་བྱ་དགའ་ཆད་གཅོད།  འགན་འཁྲི་བདའ་འདེད་བཅས་ཀྱི་མ་ལག་འཐུས་ཚང་བཟོ་བ།  བྱ་སྤྱོད་ངོ་མའི་ཐོག་ནས་ལྐོག་ཚོང་ལ་རྡུང་རྡེག་གཏོང་བའི་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ།  རང་ལྗོངས་བསྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་ལ་ཞབས་ཞུ་སྒྲུབ་ཆེད་ལེགས་སྐྱེས་འབུལ་དགོས་པའི་ནན་བཤད་བྱས་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]