ཧུའུ་ནན་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པས་རང་ལྗོངས་སུ་རྟོག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-07-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༧ པའི་ཚེས ༧ ནས ༡༠ ཉིན་བར།  ཧུའུ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཞིང་སྤྱི་ཞུས་ཏ་ཀྲེ་ཡིས་ཧུའུ་ནན་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ།  ལྷོ་ཁ་གྲོང་ཁྱེར་དང་ལྷ་ས་གྲོང་ཁྱེར་དུ་ཁ་གཏད་རོགས་སྐྱོར་གྱི་ལས་དོན་སྔར་བས་ཡག་པོ་སྒྲུབ་རྒྱུའི་ཐད་རྟོག་ཞིབ་གནང་བ་མ་ཟད།  ཧུའུ་ནན་དང་བོད་ཀྱི་ཁ་གཏད་རོགས་སྐྱོར་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ།  ཐུན་མོང་ཐོག་བོད་སྐྱོར་གྱི་ཇུས་ཆེན་གླེང་ནས་ས་ཆ་གཉིས་པོའི་སྤེལ་རེས་མཉམ་ལས་ཀྱང་གཏིང་ཟབ་ཏུ་བཏང་ཡོད།  རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཆེ་དགྲ་ལྷ་དང་ཏིང་གཡས་ཤན།  ཀྲོང་ཡན་སོགས་རྟོག་ཞིབ་དང་ཡང་ན་བཞུགས་མོལ་ཚོགས་འདུར་ཕེབས་ཡོད་ཅིང་།  ཧུའུ་ནན་ཞིང་ཆེན་གྱི་དབུ་ཁྲིད་གཤས་ཅན་ཧུལ་དང་ཝང་ཁེ་མིན།  ཏའེ་ཏའོ་ཅིན་བཅས་ཚོགས་པ་དང་ལྷན་དུ་རྟོག་ཞིབ་ལ་ཕེབས་ཡོད།

ཞུས་ཏ་ཀྲེ་ནས་ང་ཚོས་བོད་སྐྱོར་ལས་དོན་ཡག་པོ་སྒྲུབ་རྒྱུ་དེ་འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་གདེང་ཚོད་བཞི་བརྟན་དུ་གཏོང་བ།  སྲུང་སྐྱོང་གཉིས་ཐུབ་པ་བྱེད་པ་བཅས་ཀྱི་དངོས་ཡོད་ཞིབ་དཔྱད་ལ་རྩིས་ཏེ།  དངོས་ཐོག་བདེན་འཚོལ་ཐོག་ནས་གོང་འཕེལ་གྱི་འཆར་འགོད་བཟོས་ཐོག་དམངས་འཚོ་ལེགས་བཅོས་བྱེད་པ་དང་།  རང་རྐྱ་འཕེལ་ནུས་ཆེ་རུ་གཏོང་བ།  ཤེས་ལྡན་པ་དང་ཚན་རྩལ་བོད་སྐྱོར།  སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་།  ལྷག་པར་དུ་མཐའ་སྲུང་མཐའ་བརྟན་བཅས་ལ་དེ་བས་མཐོང་ཆེན་བྱས་ཏེ་བོད་སྐྱོར་གྱི་གྲུབ་འབྲས་གང་ལེགས་ཐོག་ནས།  ཏང་ཀྲུང་དབྱང་དང་།  ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་པོའི་མི་དམངས་བློ་ཡིད་འཚིམ་པོ་ཡོང་བ་བྱེད་པ་དང་།  ཧུའུ་ནན་ཞིང་ཆེན་གྱིས་ཧུའུ་ནན་དང་བོད་ལྗོངས་ཀྱི་སྤེལ་རེས་མཉམ་ལས་དེ་བས་མཐོ་བའི་ཆུ་ཚད་ཐོག་སླེབས་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན་ཞེས་གསུངས།

ཆེ་དགྲ་ལྷས་བོད་ལྗོངས་དང་ཧུའུ་ནན་དབར་འབྲེལ་བ་ཟབ་མོ་ཡོད་པས་ཧུའུ་ནན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཆབ་སྲིད་ཚུགས་གནས་མཐོ་བ་དང་།  བོད་སྐྱོར་ལས་དོན་ཏན་ཏིག  མ་འོངས་དམིགས་ཚད་ཁ་གསལ་བཅས་ཀྱི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་དེ་བོད་ལྗོངས་མི་རིགས་ཁག་གི་མང་ཚོགས་ཚོས་འཚོར་ཐུབ་པ་བྱས་པ་དང་།  ཧུའུ་ནན་ནས་བོད་ལྗོངས་ལ་བཅངས་པའི་བརྩེ་བ་ཟབ་མོ་དེ་བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཚོས་ནམ་ཡང་བརྗེད་སྲིད་ཀྱི་མ་རེད་ཅེས་གསུངས་པ་དང་སྦྲགས།  ཧུའུ་ནན་ཞིང་ཆེན་གྱིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་དབུལ་གྲོལ་འགག་སྒྲོལ་དང་ཐོན་ལས་གོང་འཕེལ།  སྨན་བཅོས་འཕྲོད་བསྟེན།  སློབ་གསོ་ལས་ཞུགས་སོགས་ཐད་ཀྱི་བོད་ཀྱི་གཙོ་གནད་ལས་དོན་ཡག་པོ་སྒྲུབ་རྒྱུར་མུ་མཐུད་རོགས་རམ་གནང་རྒྱུའི་ཐུགས་རེ་གནང་བ་རེད།

ཧུའུ་ནན་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་བཞུགས་རིང་ཧུའུ་ནན་གྱི་ཚོགས་སྒྲིག་རྣམ་པའི་སྨན་བཅོས་དང་སློབ་གསོའི་ཤེས་ལྡན་པ།  ཐོན་ལས་བོད་སྐྱོར་རྣམ་གྲངས་བཅས་ལ་རྟོག་ཞིབ་གནང་ཞིང་།  ཧུའུ་ནན་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་ཤེས་ལྡན་པར་གཟིགས་པ་མ་ཟད་བོད་སྐྱོར་ལས་ཀའི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།  འཐུས་མི་ཚོགས་པ་དང་བཅས་པས་ད་དུང་ཁེ་གསུམ་གྲོང་ཚོར་རྟོག་ཞིབ་གནང་བ་མ་ཟད།  ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་འཚམ་འདྲི་ཡང་གནང་བ་རེད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]