ཏིང་གཡས་ཤན་གྱིས་ལྷ་སར་སློབ་གྲྭའི་སློབ་གསོ་སློབ་འཁྲིད་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-07-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི། ལྗོངས་ཏང་ཨུད་སློབ་གསོ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཏིང་གཡས་ཤན་གྱིས་སློབ་གླིང་གི་བདེ་འཇགས་དང་སློབ་གྲྭའི་སློབ་འཁྲིད།  ཏང་འཛུགས།  སློབ་མའི་སློབ་སྦྱོང་དང་འཚོ་བ་སོགས་ཀྱི་གནས་ཚུལ་ཐད་བརྟག་ཞིབ་གནང་བ་རེད། 
ཏིང་གཡས་ཤན་ནས་བོད་ལྗོངས་སློབ་ཆེན་རྔ་ཆེན་སློབ་ཁུལ་གྱི་སློབ་འཁྲིད་ཐོག་ཁང་དུ་ཕེབས་སྐབས།  དཔལ་འབྱོར་དོ་དམ་སློབ་གླིང་གི་ལོ་རིམ་དང་པོའི་སློབ་མ་ཚོ་ཚོགས་འདུ་འཚོགས་བཞིན་ཡོད་པ་དང་།  ཏིང་གཡས་ཤན་གྱིས་སློབ་ཁང་དུ་ཕེབས་ནས་རྒྱ་ཆེའི་གཞོན་ནུ་སློབ་མས་སྒེར་གྱི་ཕུགས་བསམ་དེ་རྒྱལ་ཁབ་དང་མི་རིགས་ཀྱི་བྱ་གཞག་ནང་མཉམ་འདྲེས་ཐུབ་པ་བྱས་ཏེ།  མིག་རྒྱང་རིང་དུ་གཏོང་བ་དང་འཇོན་ཐང་ཆེ་རུ་བཏང་ཐོག་ལས་རིགས་ཀྱི་སྙིང་སྟོབས་སྐྱེད་སྲིང་བྱེད་པ་དང་ཡང་དག་པའི་ལས་ཞུགས་ལྟ་བ་བཙུགས་ནས།  མེས་རྒྱལ་གྱི་དགོས་མཁོ་ཆེ་ཤོས་སུ་བྱས་རྗེས་འཇོག་པ་དང་བྱ་གཞག་གཏོད་རྒྱུའི་སྐུལ་ལྕག་གནང་བ་རེད།  
ཏིང་གཡས་ཤན་གྱིས་དེ་རྗེས་ལྷ་ས་ནག་ཆུ་མཐོ་རིམ་སློབ་འབྲིང་གཉིས་པ་དང་ལྷ་ས་མངའ་རིས་ཧོ་པེ་ཆ་ཚང་སློབ་འབྲིང་དུ་ཕེབས་ནས།  སློབ་གསོ་སློབ་འཁྲིད་དང་ལྷག་པར་དུ་བསམ་བློ་ཆབ་སྲིད་སློབ་གསོའི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་ཆབས་ཅིག  རྒྱ་ཆེའི་དགེ་རྒན་ཚོས་སློབ་འཁྲིད་བྱ་ཐབས་གསར་གཏོད་བྱས་ཏེ་སློབ་མ་གསོ་སྐྱོང་གི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་།  སློབ་མའི་ཉིན་རེའི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་ལ་དོ་ཁུར་བྱས་ཏེ་ཚང་མས་སློབ་སྦྱོང་གི་གོ་སྐབས་ལ་གཅེས་སྤྲས་བྱེད་པ་དང་།  སྦྱངས་པ་མཐར་ཕྱིན་རྗེས་ཕ་ཡུལ་འཛུགས་སྐྲུན་དང་ཏང་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་ནས་སྤྱོད་ལམ་དང་ཤེས་རིག  ལུས་རྩལ།  མཛེས་རིག  ངལ་རྩོལ་བཅས་ཕྱོགས་ཡོངས་གོང་འཕེལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པར་འགྱུར་རྒྱུར་སྐུལ་ལྕག་གཏོང་དགོས་པའི་ཐུགས་རེ་གནང་བ་རེད།  
ཏིང་གཡས་ཤན་ནས་ད་དུང་ལྗོངས་ཡོངས་ཀྱི་རིམ་ཁག་འགན་ནུས་ཚན་པ་ཁག་དང་རིགས་ཁག་གི་སློབ་གྲྭས་ཕུགས་བསམ་དད་སེམས་ཀྱི་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ།  སློབ་མ་ཚོས་བོད་ལྗོངས་མི་རིགས་ཁག་གི་རིག་གནས་ནི་ཀྲུང་ཧྭ་རིག་གནས་ཀྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་ངོས་འཛིན་གཏིང་ཟབ་ཐུབ་པ་བྱས་ནས།  མོས་སེམས་ལྔ་རང་རྟོགས་ངང་ཆེ་རུ་གཏོང་བ་དང་།  སློབ་གསོའི་ཁོངས་གཏོགས་ཀྱི་གཞི་རིམ་ཏང་རྩ་འཛུགས་དང་གུང་གཞོན་སྡེ་ཚོགས།  ལོ་ཆུང་གདོང་ལེན་རུ་ཁག་བཅས་ཀྱི་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཐོག་ལག་གདངས་སྦྲེལ་བའི་བྱེད་སྒོ་སྤེལ་བ་བརྒྱུད།  སློབ་མ་དང་ཁྱིམ་ཚང་ལ་འབྲེལ་བ་བྱེད་པ་དང་མང་ཚོགས་ལ་སློབ་གསོ་རྒྱག་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས།  མི་རིགས་ཁག་གི་མང་ཚོགས་ཚོས་བརྟན་ལྷིང་སྲུང་སྐྱོང་བྱེད་པ་དང་གོང་འཕེལ་ཡོང་ཐབས་བྱེད་པ།  འབྱོར་འབྲིང་ཕྱོགས་སུ་སྐྱོད་པ་བཅས་ཀྱི་སྒུལ་ཤུགས་ཆེན་པོ་རྒྱུན་ཆད་མེད་པར་གཅིག་བསྡུས་བྱེད་དགོས་པའི་ནན་གསུངས་གནང་བ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]