ལྗོངས་མི་དམངས་སྲིད་གཞུང་གིས་ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོཌ་ཀྱི་བརྟག་ཞིབ་ཚོཌ་ཆུང་དང་བཞུགས་མོལ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-07-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་གོང་།  རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཁོངས་མི། ཀྲུའུ་ཞི་གཞོན་པ། ལས་འཛིན་དབུ་འཛིན་གཞོན་པ་གྲེང་གའེ་ཡིས་རུ་སྣེ་ཁྲིད་པའི་ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཞི་རིམ་དུ་སྐྱོད་པ་དང་སྤྱོད་ཚུལ་ལེགས་སུ་གཏོང་བ།  ལས་དོན་སྤེལ་ཕྱོགས་ལེགས་སུ་གཏོང་བ་བཅས་ལས་ཀའི་གཙོ་དོན་བྱས་པའི་བརྟག་ཞིབ་ཚོགས་ཆུང་དང་བཞུགས་མོལ་གནང་བ་རེད།  རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ་ཀྱིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

བརྟག་ཞིབ་ཚོགས་ཆུང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་ནས་དབང་པོ་སྐྱོན་ཅན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གནང་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ།  དབུལ་གྲོལ་འགག་སྒྲོལ་བྱ་རྒྱུ་དེ་གཙོ་གནད་དུ་བཟུང་སྟེ་དབང་པོ་སྐྱོན་ཅན་གྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་བས།  དབང་པོ་སྐྱོན་ཅན་གྱི་འཚོ་བའི་གནས་ཚུལ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ་དང་དབང་པོ་སྐྱོན་ཅན་གྱི་བྱ་གཞག་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ཅེས་གསུངས་པ་རེད།

ནོར་བུ་དོན་གྲུབ་ཀྱིས་གོམ་སྟབས་རྗེས་མར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མཐིལ་རྟོགས་དང་ཇུས་འདོན་གནད་འཕིགས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ།  དབང་པོ་སྐྱོན་ཅན་པའི་དྲག་སྐྱེས་ཞབས་ཞུ་དང་གཞི་རྩའི་སྤྱི་པའི་ཞབས་ཞུ།  སྤྱི་ཚོགས་འགན་སྲུང་ཆུ་ཚད་བཅས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་།  དབང་པོ་སྐྱོན་ཅན་པར་རྩལ་ནུས་སྦྱོང་བརྡར་སྤྲོད་ཤུགས་ཆེ་རུ་དང་ལས་ཞུགས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཐོག  དབང་པོ་སྐྱོན་ཅན་ལ་ཕན་པའི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་དབང་པོ་སྐྱོན་ཅན་པའི་ལས་ཀའི་ཞན་ཆ་ཧུར་ཐག་སེལ་ཏེ།  དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་རྒྱུར་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་བྱེད་རྒྱུ་ཡིན་ཞེས་གསུངས།།
 

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]