པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་མངའ་རིས་ས་ཁུལ་དུ་སྤེལ་བའི་ཆོས་ཕྱོགས་དང་སྤྱི་ཚོགས་ཀྱི་བྱེད་སྒོ་ཁག་ལེགས་གྲུབ་བྱུང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-06

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་མཆོག་གིས་སྤྱི་ཟླ ༧ པའི་ཚེས ༢༠ ནས་སྤྱི་ཟླ ༨ པའི་ཚེས ༤ ཉིན་བར་མངའ་རིས་ས་ཁུལ་དུ་ཆོས་ཕྱོགས་དང་སྤྱི་ཚོགས་ཀྱི་བྱེད་སྒོ་རྒྱ་ཆེར་སྤེལ་གནང་བ་རྣམས་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ཡོད།  

པཎ་ཆེན་རིན་པོ་ཆེ་མཆོག་ནས་སྔ་རྗེས་སུ་སྤུ་ཧྲེང་རྫོང་གི་ཁྲུས་སྒོ་དགོན་དང་འཁོར་ཆགས་དགོན།  རྩྭ་མདའ་རྫོང་གི་མཐོ་ལྡིང་དགོན་དང་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ།  རུ་ཐོག་རྫོང་གི་ལྷུན་གྲུབ་ཆོས་སྡིང་དགོན།  སྒར་རྫོང་གི་བཀྲ་ཤིས་སྒང་དགོན་དང་བཀྲེས་ཏ་པུ་རི་དགོན།  གུ་རུ་གྱམ་དགོན་བཅས་སུ་གནས་གཟིགས་ལ་ཕེབས་པ་མ་ཟད་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོར་གནས་མཇལ་ཞུས་གནང་བ་དང་།  ཕེབས་ལམ་དུ་རྒྱ་ཆེའི་སེར་སྐྱ་མང་ཚོགས་ཀྱིས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ནས་ལག་ཏུ་དཀར་གཙང་མཇལ་དར་འཁྱེར་ཏེ་རིན་པོ་ཆེའི་སར་མཇལ་ཁ་ཞུ་བར་སླེབས་ཡོད།

སྤྱི་ཚོགས་ཀྱི་བྱེད་སྒོ་ཁག་ནང་པཎ་ཆེན་རིན་པོ་ཆེ་མཆོག་ནས་ད་དུང་སྒར་རྫོང་དགུན་ས་དེང་རབས་ཞིང་འབྲོག་ཚན་རྩལ་དཔེ་སྟོན་ཁུལ་དང་རུ་ཐོག་རྫོང་ལྕགས་སྒང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ།  སྒར་རྫོང་གི་བདེ་སྐྱིད་གྲོང་གསར་དབུལ་སྐྱོར་གནས་སྤོས་ས་ཚིགས།  མངའ་རིས་ས་ཁུལ་གྱི་གཅིག་བསྡུས་གཉིས་ཀྱི་འཚོ་སྐྱོང་ལྟེ་གནས།  སྒར་རྫོང་གི་སྐྱེ་ཁམས་ཞིང་ལས་ཐོན་ལས་ཁུལ་བཅས་སུ་རྟོགས་ཞིབ་གནང་བ་རེད།  སྒར་རྫོང་གི་བདེ་སྐྱིད་གྲོང་གསར་དབུལ་སྐྱོར་གནས་སྤོས་ས་ཚིགས་སུ།  ཆུ་དང་གློག  ལམ།  དྲོད་སོགས་རྨང་གཞིའི་སྒྲིག་བཀོད་དང་།  བུ་བཅོལ་ཁང་དང་འཕྲོད་བསྟེན་ཞབས་ཞུ་ས་ཚིགས་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཆ་ཚང་པོ་ཡོད་ཅིང་དེ་ནི་མངའ་རིས་ས་ཁུལ་གྱི་དབུལ་གྲོལ་འགག་སྒྲོལ་འཐབ་ཇུས་ཀྱི་དམངས་འཚོའི་ལས་གཞི་གལ་ཆེན་ཞིག་རེད།  མངའ་རིས་ས་ཁུལ་གཅིག་བསྡུས་གཉིས་ཀྱི་འཚོ་སྐྱོང་ལྟེ་གནས་ནི་རྒན་གསོ་དང་སྨན་བཅོས།  ནད་སྐྱོང་བཅས་གཞི་གཅིག་ཅན་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་ལ་ཞབས་འདེགས་ཞུ་བའི་ཚན་པ་ཞིག་རེད་ལ་བྱིས་པའི་ཕན་བདེ་ཁང་ཞིག་ཀྱང་རེད།  པཎ་ཆེན་རིན་པོ་ཆེ་ནས་རྒན་རྒོན་ཚོའི་འཚོ་བ་དང་བྱིས་པ་ཚོའི་སློབ་སྦྱོང་སྐོར་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་ལས་དོན་པ་ཚོས་རྒན་རྒོན་དང་བྱིས་པར་བྱམས་སྐྱོང་ཡག་པོ་བྱས་པར་ཐུགས་རྗེ་ཆེ་ཞུས་གནང་བ་རེད།

པཎ་ཆེན་རིན་པོ་ཆེ་མཆོག་ནས་མངའ་རིས་ས་ཁུལ་གྱི་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་དང་བཞུགས་མོལ་གནང་སྐབས།  མངའ་རིས་ས་ཁུལ་གྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པ་ལས་ཐོབ་པའི་གོང་འཕེལ་ཡར་རྒྱས་ཀྱི་གྲུབ་འབྲས་བཟང་པོར་བསྔགས་བརྗོད་གནང་བ་མ་ཟད།  མི་རིགས་ཁག་དང་ལས་རིགས་ཁག་གིས་སྤྱི་ཚོགས་གོང་འཕེལ་དང་མི་དམངས་བདེ་སྐྱིད།  རྒྱལ་ཁབ་བརྟན་ལྷིང་བཅས་ཡོང་ཆེད་ནུས་པ་གང་ཡོད་འདོན་དགོས་པའི་ཐུགས་རེ་གནང་བ་རེད།  པཎ་ཆེན་རིན་པོ་ཆེས་མངའ་རིས་སུ་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་རིང་དད་ལྡན་མང་ཚོགས་ཀྱིས་ཕུལ་བའི་མན་ཌལ་ཚང་མ་མངའ་རིས་ཀྱི་དབུལ་སྐྱོར་བྱ་གཞག་ལ་ཞལ་འདེབས་སུ་ཕུལ་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]