ཏིང་གཡས་ཤན་གྱིས་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་སྤྱི་ལོ༢༠༡༩ལོའི་ཚོགས་འདུ་ཐེངས་གསུམ་པ་གཙོ་སྐྱོང་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-08

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༦ ཉིན།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཏིང་གཡས་ཤན་གྱིས་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་སྤྱི་ལོ ༢༠༡༩ ལོའི་ཚོགས་འདུ་ཐེངས་གསུམ་པ་གཙོ་སྐྱོང་གནང་ནས།  རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་བསྟུན་འབྲེལ་ཡོད་ལས་ཀའི་གནས་ཚུལ་སྙན་ཞུ་གསན་པ་མ་ཟད།  གོམ་སྟབས་རྗེས་མའི་ལས་དོན་ཞིབ་འཇུག་བཀོད་སྒྲིག་ཀྱང་གནང་བ་རེད། 
རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཀའོ་ཡང་དང་བློ་བཟང་འགྱུར་མེད།  ཝང་ཡ་ལིན།  སྒྲོལ་དཀར།  ལའེ་ཀུད་ལུང་བཅས་ཚོགས་འདུར་ཕེབས་པ་དང་།  སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཚོགས་འདུར་ཟུར་ཞུགས་གནང་ཡོད།

ཚོགས་འདུའི་ཐོག ལྗོངས་སྲིད་གྲོས་ལས་ཁུངས་ཏང་ཙུའུ་དང་ཆེད་དོན་ཨུ་ཡོན་ལྷན་ཁང་ཡན་ལག་ཏང་ཙུའུ་ཁག་གི་སྤྱི་ལོ ༢༠༡༩ ལོའི་ལོ་སྟོད་ཀྱི་ལས་ཀའི་གནས་ཚུལ་སྙན་ཞུ་ཉན་རྗེས།  ཆེད་དོན་ཨུ་ཡོན་ལྷན་ཁང་ཡན་ལག་ཏང་ཙུའུ་ཁག་གིས་ཀྲུང་དབྱང་དང་རྒྱལ་ཡོངས་སྲིད་གྲོས་ནས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ལས་ཀར་བཏོན་པའི་བླང་བྱ་སྔར་བས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ།  ཏང་འཛུགས་ལ་ཤུགས་སྣོན་དང་མོས་པ་གཅིག་མཐུན་བྱས་ཐོག་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས་པ་དང་།  ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་ཞུ་སྒྲུབ་ནས་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ཐད་ཐབས་ཇུས་དང་ནུས་པ་འདོན་དགོས་པ།  ལེགས་ཆ་འདོན་སྤེལ་དང་ཞབས་ཞུ་ཡག་པོ་སྒྲུབ་ནས་ཨུ་ཡོན་ཚོས་བྱེད་པོའི་ནུས་པ་འདོན་རྒྱུ་འགན་སྲུང་བྱེད་དགོས་པ།  སློབ་སྦྱོང་ལ་ཤུགས་སྣོན་དང་ནུས་པ་མཐོར་གཏོང་བྱས་ནས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ལས་ཀའི་ཆུ་ཚད་མངོན་པར་བྱེད་དགོས་པ་བཅས་ཀྱི་མཛུབ་སྟོན་བྱས་ཡོད། 
ཚོགས་འདུའི་ཐོག འབྲེལ་ཡོད་འགན་འཁུར་བློ་མཐུན་ཚོས་ལོ་སྟོད་ཀྱི་ལས་དོན་དང་བརྗོད་དོན་གཙོ་བོའི་སློབ་གསོའི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ།  བརྟག་དཔྱད་ཞིབ་འཇུག་བྱས་པའི་གནས་ཚུལ་སྙན་སེང་ཞུས་པ་མ་ཟད་གནད་དོན་གྱི་ཞིབ་ཐོར་ཡང་ལྟ་ཞིབ་གྲོས་བསྡུར་བྱས་པ་དང་།  ལྗོངས་སྲིད་གྲོས་ཀྱི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་གནས་ཚུལ་སྙན་སེང་ཞུས་པ་རེད།  

ཚོགས་འདུའི་ཐོག གནད་དོན་གྱི་ཞིབ་ཐོར་ལྟ་བསྡུར་བྱས་ནས་བཅོས་སྒྲིག་དོན་འཁྱོལ་ལ་དམ་འཛིན་ཡག་པོ་ཐུབ་པ་དང་།  དངོས་ཐོག་བདེན་འཚོལ་དང་དངོས་འཛིན་དངོས་སྒྲུབ་ཐོག་ནས་ཟུང་འབྲེལ་གསུམ་གནད་ལ་འཁེལ་ཐུབ་པ།  གནད་དོན་བཅོས་སྒྲིག་བྱེད་རྒྱུ་གནད་ལ་འཁེལ་ཐུབ་པ་བཅས་བྱེད་དགོས་པའི་ནན་བཤད་བྱས་ཡོད། 
ཚོགས་འདུའི་ཐོག་ད་དུང་དེ་མིན་གྱི་བྱ་བར་ཞིབ་འཇུག་བྱས་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]