རང་ལྗོངས་དངུལ་རྩའི་ཚན་པས་ལྗོངས་ཡོངས་ཀྱི་ལོ་སྟོད་ཀྱི་དཔལ་འབྱོར་དངུལ་རྩ་འཁོར་རྒྱུཌ་དབྱེ་ཞིབ་ཚོགས་འདུ་འཚོཌ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-08

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རང་ལྗོངས་དངུལ་རྩའི་ཚན་པས་སྤྱི་ལོ ༢༠༡༩ ལོའི་ལོ་སྟོད་ཀྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་དངུལ་རྩའི་འཁོར་རྒྱུགས་དབྱེ་ཞིབ་ཚོགས་འདུ་འཚོགས་ནས།  ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུ་དེ་དེང་སྐབས་ཀྱི་དངུལ་རྩའི་གོང་འཕེལ་བརྟན་ལྷིང་གི་ལས་དོན་ཁག་ཡག་པོ་སྒྲུབ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ནས།  ལྗོངས་ཡོངས་ཀྱི་དངུལ་རྩའི་ཁྱབ་ཁོངས་ཀྱི་ལས་དོན་བརྟན་པོའི་ངང་སྤེལ་ཐུབ་པ་བྱས་ཡོད།

ཚོགས་འདུའི་ཐོག  རང་ལྗོངས་ཀྱི་དཔལ་འབྱོར་དངུལ་རྩ་དང་དངུལ་ཁང་ལས་རིགས།  འགན་བཅོལ་ལས་རིགས།  འཛིན་ལོར་ལས་རིགས་བཅས་འཁོར་རྒྱུགས་དང་ས་གནས་དངུལ་རྩའི་ལྟ་འདོམས་ཚན་པས་ལས་ཀའི་གནས་ཚུལ་དང་ལག་ལེན་ཀྱི་ཉམས་མྱོང་སྤེལ་རེས་གང་ལེགས་བྱས་པ་མ་ཟད།  ལྟ་འདོམས་ལས་དོན་དང་མ་རྩའི་ཁྲོམ་ར་བསྒྱུར་བཅོས་གོང་འཕེལ་ཐད་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།  ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཡན་ལག་དངུལ་ཁང་གི་དབུ་འཛིན་གཞོན་པ་ལི་གཡུས་ཧྥུ་ནས།  རང་ལྗོངས་ལོ་སྟོད་ཀྱི་དཔལ་འབྱོར་དངུལ་རྩའི་འཁོར་རྒྱུགས་དང་ཡིད་རྟོན་དངུལ་བུན་སྲིད་ཇུས་ལག་བསྟར་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་མ་ཟད།  དེང་སྐབས་རང་ལྗོངས་ཀྱི་དཔལ་འབྱོར་དངུལ་རྩ་འཁོར་རྒྱུགས་བྱེད་པའི་ཁྲོད་དོ་ཁུར་བྱེད་འོས་པའི་གནད་དོན་ཡང་བཏོན་གནང་ཡོད།

ལི་གཡུས་ཧྥུ་ནས་འཐབ་ས་དང་པོར་བརྟག་ཞིབ་གཏིང་ཟབ་གནང་རྗེས།  ལྗོངས་ཡོངས་ཀྱི་དངུལ་ཁང་ཆེ་ཁག་གིས་ས་གནས་དངུལ་རྩའི་གཙོ་ཤུགས་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས།  རང་འགུལ་དོན་གཉེར་དང་ཤུགས་འདོན་གནད་འཕིགས་ངང་དངུལ་རྩའི་ཞབས་ཞུ་གསར་གཏོད་བྱེད་པ་དང་།  དངུལ་རྩའི་དབུལ་སྐྱོར་གྱི་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ་དབུལ་གྲོལ་འགག་སྒྲོལ་ལ་རམ་འདེགས་བྱེད་དགོས་པ་དང་།  དངུལ་ལོར་སྲིད་ཇུས་དང་བོད་ཀྱི་དངུལ་རྩའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་མུ་མཐུད་ལག་བསྟར་ཡག་པོ་བྱས་ཏེ།  དངོས་གཞིའི་དཔལ་འབྱོར་ལ་ཞབས་ཞུ་སྒྲུབ་པའི་ནུས་པ་སྔར་བས་ཆེ་རུ་གཏོང་བ་དང་།  སྤྱོད་ཚུལ་ལེགས་བཅོས་དང་ཚད་གཞི་དམའ་རུ་བཏང་ནས།  ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་བཅོས་བཏང་ཐོག་དངུལ་རྩའི་ཐོན་ཁུངས་དེ་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་ཁྱབ་ཁོངས་དང་ཞན་ཆའི་ལྷུ་ཚིགས་ལ་འཕར་གཟིགས་བྱེད་ཤུགས་ཆེ་རུ་གཏོང་བ་མ་ཟད།  ཞིང་དུད་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་དངུལ་རྩའི་དབུལ་སྐྱོར་དང་ཐོན་ལས་དབུལ་སྐྱོར་མཉམ་འདྲེས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པའི་ངོས་འཛིན་གནང་ཡོད།

བོད་ལྗོངས་དངུལ་ཁང་འགན་བཅོལ་ལྟ་འདོམས་ཅུས་ཀྱི་ཅུས་ཀྲང་ཤང་ཧེང་ནས།  ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད་ཞིབ་བཤེར་ཐུབ་པའི་གནད་དོན་དང་ཟུང་འབྲེལ་གནང་ནས།  གོམ་སྟབས་རྗེས་མར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པའི་ཞན་ཆ་གསབ་པའི་ཐད་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་གཙོ་གནད་རྣམ་གྲངས་ལ་མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་གསུངས།

བོད་ལྗོངས་འཛིན་ལོར་ལྟ་འདོམས་ཅུས་ཀྱི་ཅུས་ཀྲང་ཡན་ཞའོ་ཧུང་ནས།  ལོ་སྟོད་དུ་བོད་ཀྱི་མ་རྩའི་ཁྲོམ་རའི་འཁོར་རྒྱུགས་ལེགས་པོ་བྱུང་ཞིང་ད་ལོའི་སྤྱི་ཟླ ༦ པའི་ཟླ་མཇུག་བར་རང་ལྗོངས་ཀྱི་འཛུན་ལོར་ཀ་པ་ཁྲོམ་འདོན་ཀུང་སིའི་སྤྱིའི་ཁྲོམ་རའི་རིན་ཐང་སྒོར་དུང་ཕྱུར ༡༧༦༧ ཟིན་པ་དེ་ན་ནིང་གི་ལྗོངས་ཡོངས་ཀྱི་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རྫས་རིན་ཐང་གི་ལྡབ ༡.༣ ཟིན་པ་དང་སྤྱིའི་རྒྱུ་ནོར་སྒོར་དུང་ཕྱུར ༩༥༡ ཟིན་ནས་དུས་མཚུངས་པ་ལས་བརྒྱ་ཆ ༨.༣ འཕར་ཡོད།  དོ་དམ་བྱེད་ཁོངས་ཀྱི་ཁྲོམ་རའི་ཚོང་གཉེར་བྱེད་པོས་བོད་དུ་ལེགས་སྐྱེས་འབུལ་ཚད་བརྟན་པོའི་ངང་མཐོ་རུ་འགྲོ་བཞིན་ཡོད་པས།  བོད་ཀྱི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བདེ་འཁོད་མྱུར་པོ་དང་དབུལ་གྲོལ་འགག་སྒྲོལ་གནད་འཕིགས་ཡོང་བ་བྱེད་པའི་ཐད་ནུས་པ་འདོན་སྤེལ་ཐུབ་ཡོད་ཅེས་ངོ་སྤྲོད་གནང་བ་དང་སྦྲགས།  རྩད་གཅོད་ཐུབ་པའི་གནད་དོན་ལ་དམིགས་ཏེ་ཉེན་ཁ་འགོག་པ་དང་ལྟ་འདོམས་དམ་འཛིན་བྱེད་པ།  ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ།  གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དབུལ་སྐྱོར་ངོ་མ་ཐུབ་པ་བྱས་ནས་དོ་དམ་བྱེད་ཁོངས་ཀྱི་མ་རྩའི་ཁྲོམ་རའི་ལས་དོན་ཁག་ལ་ཕན་འབྲས་ཏན་ཏིག་ཐོབ་པ་བྱེད་དགོས་ཀྱི་རེད་ཅེས་གསུངས།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]