ལོ་མའེ་ཡིས་རང་ལྗོངས་ཀྱི་སྨན་བཅོས་འགན་བཅོལ་ཞབས་ཞུའི་སྐར་ཁུང་འཁོར་རྒྱུགས་གནས་ཚུལ་ལ་བརྟག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༦ ཉིན།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལོ་མའེ་རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་ཀྱི་ཞབས་ཞུའི་ཚོམས་ཆེན་དུ་ཕེབས་ནས།  རང་ལྗོངས་ཀྱི་སྨན་བཅོས་འགན་བཅོལ་ཞབས་ཞུའི་སྐར་ཁུང་འཁོར་རྒྱུགས་གནས་ཚུལ་ལ་བརྟག་ཞིབ་གནང་བ་མ་ཟད།  དེང་སྐབས་རང་ལྗོངས་སྨན་བཅོས་འགན་སྲུང་ལས་དོན་ཐད་ཐག་གཅོད་བྱེད་དགོས་པའི་གནད་དོན་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། 
བརྟག་ཞིབ་ཚོགས་ཆུང་གིས་སྨན་བཅོས་འགན་བཅོལ་ཚན་པ་དེ་ཉིད་དམངས་འཚོའི་ཚན་པ་གལ་ཆེན་ཞིག་གི་ངོས་ནས།  མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ་དམངས་ཆེད་ཐོག་མའི་བསམ་འདུན་སྐྱོང་ནས་གཙོ་གནད་ཁྱབ་ཁོངས་བསྒྱུར་བཅོས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་།  འབྲེལ་ཡོད་སྲིད་ཇུས་ལ་ཤུགས་སྣོན་བརྒྱབ་སྟེ་མང་ཚོགས་ཀྱི་འཕྲལ་མཁོ་ཆེ་ཤོས་གང་ལེགས་བསྐངས་ནས་དམངས་ཆེད་ཞབས་ཞུའི་དཀའ་གནད་སེལ་རྒྱུའི་ཐད་ཤུགས་སྣོན་རྒྱག་དགོས་པ།  རྩེ་རིམ་ཇུས་འགོད་དང་གཞི་རིམ་ལག་ལེན་སྦྲེལ་མཐུད་ནུས་ལྡན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་སྨན་བཅོས་འགན་བཅོལ་བྱ་གཞག་ཚན་རིག་དང་མཐུན་ལ་སྐྱོན་བྲལ་གོང་འཕེལ་ཡོང་རྒྱུར་ཚད་བཀག་ཐེབས་པའི་ཆད་སྐྱོན་གསབ་དགོས་པ།  ཚད་གཞི་མཐོ་བའི་སྒོ་ནས་སྨན་བཅོས་འགན་བཅོལ་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ཐོག་སྨན་བཅོས་འགན་བཅོལ་ཐེབས་རྩའི་ལྟ་འདོམས་ལས་དོན་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་པ་དང་།  ལས་དོན་དོན་འཁྱོལ་ནན་པོ་བྱས་ནས་འགན་ནུས་ལེགས་སྒྲིག་བསྒྱུར་བཅོས་ཀྱི་ཕན་འབྲས་ཐོན་པ་བྱས་ཏེ།  མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་།  བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]