ལྗོངས་མི་དམངས་འཐུས་ཚོཌ་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུས་ཏང་གི་སྒྲིག་ཡིག་སྒྲིག་སྲོལ་ལ་བལྟ་བསྡུར་བྱས་ཏེ་ཧེ་བག་འཚོལ་བའི་ཆེད་དོན་ཚོཌ་འདུ་འཚོཌ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༨ ཉིན།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའི་ཧྲུའུ་ཅི་གཞོན་པ། ཀྲུའུ་རེན་གཞོན་པ་རྡོ་ཐོགས་ཀྱིས།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཚན་ཁག་ནས་ཏང་གི་སྒྲིག་ཡིག་སྒྲིག་སྲོལ་ལ་བལྟ་བསྡུར་བྱས་ཏེ་ཧེ་བག་འཚོལ་བའི་ཆེད་དོན་ཚོགས་འདུ་སྐོང་འཚོགས་གནང་བ་དང་།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའི་ཧྲུའུ་ཅི་གཞོན་པ། ཀྲུའུ་རེན་གཞོན་པ་བསྟན་འཛིན་རྣམ་རྒྱལ་དང་།  ཏང་ཙུའུ་ཡི་ཁོངས་མི། ཀྲུའུ་རེན་གཞོན་པ་འོད་ཟེར་དང་ཞུའི་ཞོལ་ཀོང་།  འཆི་མེད་རིགས་འཛིན།  ཅུད་ཅན་ཧྭ།  ལིའི་ཝུན་ཧན།  ཉི་མ་ཚེ་རིང་།  ཅིས་གོ་ཀང་།  ཝང་ཅུན།  ཏང་ཙུའུ་ཡི་ཁོངས་མི། དྲུང་ཡིག་ཆེ་མོ་ལིའུ་ཀོང་ཤུད་བཅས་ཚོགས་འདུར་ཕེབས་ཡོད།
ཚོགས་འདུའི་ཐོག  ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་བཀོད་སྒྲིག་བླང་བྱ་ལག་བསྟར་བྱས་ནས་སློབ་སྦྱོང་གཏིང་ཟབ་དང་བལྟ་བསྡུར་ཞིབ་ཚགས།  ལག་ལེན་ཏན་ཏིག་བཅས་ཡོང་བ་བྱས་ཏེ་ཏང་གཤིས་བློ་སྦྱོང་རྒྱུན་མཐུད་ཟབ་ཏུ་གཏོང་དགོས་པ་དང་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་པོ་སྲུང་བ།  ཆབ་སྲིད་གཏམ་སྤྱོད་ཚད་ལྡན་བཟོས་ཏེ་ཆབ་སྲིད་ཐད་སྒྲིག་སྲོལ་དང་སྒྲིག་ལམ་སྲུང་ཐུབ་པ་བྱེད་དགོས་པ།  ཁྲིམས་ལུགས་སྒྲིག་ལམ་ཤེས་པ་དང་སྒྲིག་ལམ་ཁ་གསལ་པོ་ཡོང་བ།  འཇིགས་བཀུར་ཤེས་པ།  འཇིགས་ཟོན་ཡོད་པ་བཅས་བྱས་ནས་ཏང་ཙུའུ་ཡི་ཚན་ཁག་ཁོངས་མིའི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།  སྤྱོད་ཚུལ་བཟང་པོའི་ཐོག་ནས་མི་དམངས་འཐུས་ཚོགས་ལས་ཀ་དུས་བསྟུན་ཡར་བརྩོན་དང་གསར་གཏོད་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]