ཆེ་དགྲ་ལྷས་ལྷ་ས་གྲོང་ཁྱེར་སྲིད་དོན་ཞབས་ཞུའི་རིམ་གསུམ་ཚོམས་ཆེན་འཛུཌ་སྐྲུན་བྱེད་ཚུལ་སོཌ་ཀྱི་ལས་དོན་ལ་བརྟག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-11

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

མཉམ་འབྲེལ་དྲ་རྒྱ་དང་སྲིད་དོན་ཞབས་ཞུ་ཟུང་འབྲེལ་གྱི་ལས་ཀར་སྐུལ་འདེད་གཏོང་ཆེད་སྤྱི་ཚེས ༨ ཉིན།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ལྷ་ས་གྲོང་ཁྱེར་སྲིད་དོན་ཞབས་ཞུའི་རིམ་གསུམ་ཚོམས་ཆེན་འཛུགས་སྐྲུན་བྱེད་ཚུལ་དང་།  རང་སྐྱོང་ལྗོངས་ཀྱི་མཉམ་འབྲེལ་དྲ་རྒྱ་དང་སྲིད་དོན་ཞབས་ཞུ་ཟུང་འབྲེལ་གྱི་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་མ་ཟད་ས་གནས་ས་ཐོག་ཏུ་སྐུལ་སྤེལ་ཚོགས་འདུ་བསྐོང་འཚོགས་གནང་བ་རེད།  རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཀྲོང་ཡན་དང་ཅང་ཇེ།  དབང་ཧའེ་ཀྲའུ་སོགས་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད།

རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་ལས་ཐིང་གིས་ཆེད་སྒྲུབ་ཚོགས་ཆུང་བཙུགས་ནས་སྐུལ་འདེད་ཤུགས་ཆེ་བཏང་བ་དང་།  གྲོང་ཁྱེར༼ ས་ཁུལ༽ ཁག་གི་ཚན་པ་ཁག་གིས་གཞོགས་འདེགས་དམ་ཟབ་དང་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་ཐུན་མོང་འབད་བརྩོན་བརྒྱུད།  རང་སྐྱོང་ལྗོངས་ཀྱི་གཞི་གཅིག་ཅན་གྱི་དྲ་ཐོག་སྲིད་དོན་ཞབས་ཞུའི་ལས་སྟེགས་འཁོར་རྒྱུགས་ཐུབ་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འཁེལ་བྱས་པའི་ལས་འགན་ཉིན ༥༠ སྔ་སྣུར་གྱིས་ལེགས་གྲུབ་ཐུབ་ཡོད།  དེང་སྐབས་རང་སྐྱོང་ལྗོངས་རིམ་པའི་སྲིད་དོན་ཞབས་ཞུའི་བྱ་བ་དྲ་ཐོག་ནས་གཉེར་སྒྲུབ་ཐུབ་ཚད་བརྒྱ་ཆ ༩༠ དང་གྲོང་ཁྱེར་དང་རྫོང་རིམ་པའི་སྲིད་དོན་ཞབས་ཞུའི་བྱ་བ་དྲ་ཐོག་ནས་གཉེར་སྒྲུབ་ཐུབ་ཚད་བརྒྱ་ཆ ༧༠ ལས་བརྒལ་ཏེ་སྔ་སྣུར་དུ་དམིགས་ཚད་ལས་འགན་ལེགས་གྲུབ་ཐུབ་ཡོད།

གཞན་ཡང་སྲིད་དོན་ཞབས་ཞུའི་རིམ་གསུམ་ཚོམས་ཆེན་བདེ་བླགས་ངང་སྐྲུན་བཞིན་ཡོད་ཅིང་།  རང་སྐྱོང་ལྗོངས་ཀྱི་ལས་གཞི་འཛུགས་སྐྲུན་རྣམ་གྲངས་ལྟ་སྡོམ་མ་ལག་དང་ལས་གཞི་འཛུགས་སྐྲུན་རྣམ་གྲངས་ཞིབ་མཆན་མ་ལག་དངོས་སུ་བེད་སྤྱོད་བྱེད་པའི་ཆ་རྐྱེན་ཚང་བ་དང་།  རང་ལྗོངས་ཀྱི་མཉམ་འབྲེལ་དྲ་རྒྱ་དང་སྲིད་དོན་ཞབས་ཞུ་ཟུང་འབྲེལ་གྱི་ལས་ཀར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།  ཆེ་དགྲ་ལྷས།  ང་ཚོས་ངེས་པར་དུ་དམིགས་ཚད་ལ་བསྟུན་པ་དང་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ནས་སྲིད་དོན་ཞབས་ཞུའི་བསྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ།  མི་དམངས་མང་ཚོགས་དང་ཁྲོམ་རའི་བྱེད་པོར་འཚོ་བ་དང་ཚོང་གཉེར་གྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་པ་དང་།  མང་ཚོགས་དང་ཁེ་ལས་ཀྱི་དགོས་མཁོར་གཞིགས་ནས་སྟབས་བདེའི་ཕྱོགས་བསྡུས་ཞབས་ཞུ་བསྒྲུབ་དགོས་པ།  རྩ་འཛུགས་ཀྱིས་འགོ་ཁྲིད་རྒྱུར་ཤུགས་སྣོན་རྒྱག་པ་དང་།  ལས་སྒོའི་རྐང་འཛིན་པའི་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ་དང་ལྷག་པར་དུ་དྲིལ་བསྒྲགས་གཏིང་ཟབ་བྱས་ཏེ།  མང་ཚོགས་ལ་སྟབས་བདེ་སྐྲུན་པའི་འདུ་ཤེས་མི་སེམས་ཏུ་ཟུག་པ་བྱས་ནས་སྤྱི་ཚོགས་ཀྱི་ཤེས་རྟོགས་བྱུང་ཚད་དང་མང་ཚོགས་ཀྱི་མོས་སེམས་དང་ཐེ་ཞུགས་བྱེད་ཚད་ཆེ་རུ་གཏོང་དགོས་པ་མ་ཟད།  སྟབས་བདེ་ལ་ཕན་འབྲས་ཆེ་བའི་ཞབས་ཞུ་བརྒྱུད་མི་རིགས་ཁག་གི་མང་ཚོགས་དང་ཁེ་ལས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཆེ་རུ་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]