ཝུའུ་དབྱིང་ཇེ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་སྒྲིག་གཞི་སྒྲིག་ཁོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་བསྐོང་ཚོགས་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-11

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི། ལྗོངས་ཏང་ཨུད་སྒྲིག་གཞི་སྒྲིག་ཁོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་དབྱིང་ཇེ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་སྒྲིག་གཞི་སྒྲིག་ཁོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་བསྐོང་ཚོགས་གནང་སྐབས།  སྒྲིག་གཞི་སྒྲིག་ཁོངས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས།  རང་ལྗོངས་ཀྱི་དོན་དངོས་ལ་གཞིས་ཚུགས་ཏེ་དུས་རབས་གསར་པའི་བོད་ཀྱི་སྒྲིག་གཞི་སྒྲིག་ཁོངས་ལས་ཀ་ཏན་ཏིག་སྒྲུབ་ནས་བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་འགན་སྲུང་ནུས་ལྡན་བྱེད་དགོས་པའི་ནན་བཤད་གནང་བ་རེད།  རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཆེ་དགྲ་ལྷ་དང་ཏིང་གཡས་ཤན།  ལིའུ་ཅང་།  ཁྲེན་ཡུང་ཇི་བཅས་དང་ལྗོངས་ཏང་ཨུད་སྒྲིག་གཞི་སྒྲིག་ཁོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚོགས་འདུར་ཕེབས་ཡོད།

ཝུའུ་དབྱིང་ཇེ་ནས།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྒྲིག་གཞི་སྒྲིག་ཁོངས་ལས་དོན་ལ་མཐོང་ཆེན་གནང་བ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་དམིགས་ནས་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་ཞིང་།  སྒྲིག་གཞི་སྒྲིག་ཁོངས་ལས་ཀ་ཡག་པོ་སྒྲུབ་རྒྱུར་མཛུབ་ཁྲིད་གལ་ཆེན་རབ་དང་རིམ་པ་གནང་སྟེ།  དུས་རབས་གསར་པའི་སྒྲིག་གཞི་སྒྲིག་ཁོངས་ལས་ཀ་ཡག་པོ་སྒྲུབ་རྒྱུར་ཚན་རིག་གི་མཛུབ་ཁྲིད་དང་གཞི་རྩའི་གཞི་འཛིན་ས་མཁོ་འདོན་གནང་ཡོད་པས།  ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ནས་བོད་ཀྱི་ལས་དོན་ལ་མཐོང་ཆེན་གནང་ལུགས་དང་བོད་ལྗོངས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་དམིགས་བསལ་གཅེས་སྐྱོང་གནང་ལུགས་གང་ལེགས་མངོན་པར་བྱེད་པ་དང་།  སྒྲིག་གཞི་སྒྲིག་ཁོངས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ།  སྒྲིག་གཞི་སྒྲིག་ཁོངས་ཀྱི་ལས་དོན་དེ་ཏང་ཀྲུང་དབྱང་ནས་ཁ་གསལ་བཟོས་གནང་བའི་བོད་ཀྱི་ལས་དོན་གྱི་གཙོ་གནད་ལས་འགན་ཁག་ནང་དང་ལྗོངས་ཏང་ཨུད་ཀྱི་གཅིག་འགྱུར་བཀོད་སྒྲིག  དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བདེ་འཁོད་སོགས་སྤྱི་ཡོངས་ཀྱི་ཁྲོད་བཞག་སྟེ་འཆར་འགོད་བྱེད་པ་དང་བོད་ཀྱི་སྒྲིག་གཞི་སྒྲིག་ཁོངས་ལས་ཀར་སྐུལ་སྤེལ་ཏན་ཏིག་གཏོང་བ།  དོན་དངོས་བྱ་སྤྱོད་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་བྱེད་ལུགས་མངོན་པརབྱེད་དགོས་པ་བཅས་ཀྱི་མཛུབ་སྟོན་གནང་བ་རེད།

ཝུའུ་དབྱིང་ཇེ་ནས།  སྒྲིག་གཞི་སྒྲིག་ཁོངས་ལས་དོན་ལ་ཏང་གིས་གཅིག་བསྡུས་གཅིག་འགྱུར་འགོ་ཁྲིད་གནང་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས་པ་དང་སྒྲིག་གཞི་སྒྲིག་ཁོངས་ལས་ཀའི་འཐབ་ཇུས་ངེས་གནས་ཁོང་དུ་ཡང་དག་ཆུད་པ་བྱེད་དགོས་པ།  སྒྲིག་གཞི་སྒྲིག་ཁོངས་ལས་ཀའི་དམིགས་ཚད་ལས་འགན་དང་གཞི་རྩའི་རྩ་དོན་ཁོང་དུ་ཡང་དག་ཆུད་པ་བྱེད་དགོས་པ།  བྱ་ཐབས་མང་བ་དང་ནན་ཏན།  གོ་ཆོད་པ་བཅས་འཚོལ་ཞིབ་བྱེད་དགོས་པ།  སྒྲིག་གཞིའི་འགན་ནུས་མ་ལག་འཛུགས་སྐྱོང་ཁྲོད་གནས་པའི་འགོག་རྐྱེན་སེལ་གང་ཐུབ་བྱེད་དགོས་པ་བཅས་མ་ཟད།  ཚད་ཡོད་ཀྱི་སྒྲིག་ཁོངས་ཐོན་ཁུངས་རྣམས་དགོས་མཁོ་ཆེ་ཤོས་སར་གནད་ལ་འཁེལ་པོས་སྤྱོད་དགོས་པ་དང་།  གཅིག་འགྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་བཏང་ནས་སྒྲིག་གཞི་སྒྲིག་ཁོངས་ཀྱི་ཐོན་ཁུངས་ལེགས་སྒྲིག་ཡག་པོ་དང་བཀོད་སྒྲིག་བེད་སྤྱོད་ཡག་པོ་བྱེད་དགོས་པ།  སྒྲིག་གཞི་སྒྲིག་ཁོངས་ཀྱི་སྐུལ་ལྕག་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སྒྲིག་གཞི་སྒྲིག་ཁོངས་ཀྱི་ཐོན་ཁུངས་བེད་སྤྱོད་དང་ཕན་འབྲས་ཐོན་པའི་དབར་བཟང་ལམ་མཉམ་འགུལ་ཆགས་པ་བྱེད་རྒྱུར་སྐུལ་སྤེལ་གཏོང་དགོས་པ།  ཚན་པའི་དབར་དང་ས་ཁུལ་དབར།  རིམ་པའི་དབར་བཅས་ཀྱི་སྒྲིག་ཁོངས་བེད་སྤྱོད་ཀྱི་བཀག་རྒྱ་དང་སྒྲིག་ཁོངས་ཡོད་ཀྱང་བེད་སྤྱོད་མི་བྱེད་པ་དང་།  བེད་སྤྱོད་བྱེད་རྒྱུའི་སྒྲིག་ཁོངས་མེད་པ་སོགས་ཀྱི་གནད་དོན་ཐག་གཅོད་གང་ལེགས་བྱས་ནས་སྒྲིག་གཞི་སྒྲིག་ཁོངས་ལས་ཀ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་མདུན་སྐྱོད་བྱེད་དགོས་པ།  སྒྲིག་གཞི་སྒྲིག་ཁོངས་དོ་དམ་ནན་པོ་བྱེད་པ་དང་སྒྲིག་གཞི་སྒྲིག་ཁོངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་འགན་མི་འཁུར་བ་དང་དགོས་པའི་ལས་མི་བྱེད་པ།  ལས་འགྱངས་གཏོང་བ་བཅས་ཀྱི་གནད་དོན་ཐག་གཅོད་གང་ལེགས་བྱེད་དགོས་པ།  ལས་བྱེད་ལས་བཟོ་པའི་སྙིང་སྟོབས་འཕེལ་བ་བྱས་ཏེ་ལས་སྒྲུབ་ལས་གཏོད་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྔར་བས་འདོན་སྤེལ་བྱེད་དགོས་པ།  མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་བློ་རྒྱུན་འཁྱོངས་བྱས་ནས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་གཏོང་རྒྱུ་དེ་སྒྲིག་གཞི་སྒྲིག་ཁོངས་ལས་ཀའི་འགོ་འཛུགས་ས་དང་དོན་ལ་བབ་སར་རྩིས་དགོས་པ།  མི་རིགས་ཁག་གི་མང་ཚོགས་ཀྱིས་སྒྲིག་གཞི་སྒྲིག་ཁོངས་ལས་ཀ་ནས་བྱུང་བའི་འགྱུར་ལྡོག་གསར་པ་མྱོང་ཚོར་ཐུབ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]