དབུན་ཀྲའུ་གྲོང་ཁྱེར་ཏང་སྲིད་འཐུས་མི་ཚོགས་པས་ལྷ་རི་རྫོང་དུ་ཁ་གཏད་བོད་སྐྱོར་རྣམ་གྲངས་ལ་བརྟག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ཀྲེ་ཅང་ཞིང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། དབུན་ཀྲའུ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཝེ་ཅུན་གྱིས་དབུན་ཀྲའུ་གྲོང་ཁྱེར་ཏང་སྲིད་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ།  ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་དུ་ཁ་གཏད་བོད་སྐྱོར་རྣམ་གྲངས་ལ་བརྟག་ཞིབ་གནང་བར་ཕེབས་ནས།  དེ་གའི་ལས་བྱེད་མང་ཚོགས་དང་བཞུགས་མོལ་གནང་བ་དང་དུས་རབས་གསར་པའི་ཁ་གཏད་རོགས་སྐྱོར་ལས་དོན་ཡག་པོ་སྒྲུབ་རྒྱུའི་ཐད་གྲོས་བསྡུར་གནང་བ་རེད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་ཀྱིས་ཕེབས་སྐྱོང་ཞུས་པ་རེད།

འཐུས་མི་ཚོགས་ནས་དབུན་ཀྲའུ་གྲོང་ཁྱེར་གྱིས་སྐྲུན་རོགས་བྱས་པའི་ལྷ་རི་རྫོང་གླིང་མཐིལ་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་དང་།  མུའུ་ཁྲི་ཁ་ལོན་པར་ཕྱུགས་ཟོག་སྟོང་ཁ་ལོན་པ་བྱེད་པའི་འབྲི་གཡག་གསོ་སྤེལ་རྟེན་གཞི།  རྫ་འབི་ཤང་དབུལ་སྐྱོར་ཚོང་ལས་ཁྲོམ་གཞུང་བསྒྱུར་བཀོད་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་ཐད་རྟོག་ཞིབ་གནང་བ་རེད།  འཐུས་མི་ཚོགས་པ་དང་བཅས་པ་ནས་དབུན་ཀྲའུ་ཡིས་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་ཐད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་གནང་བའི་གལ་ཆེའི་བཀའ་སློབ་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ།  ཁ་གཏད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་སྲིད་ཇུས་བེད་སྤྱོད་གང་ལེགས་དང་།  མ་དངུལ་བེད་སྤྱོད་ཡག་པོ།  ཐོན་ཁུངས་བེད་སྤྱོད་མགྱོགས་པོ་བཅས་བྱས་ཏེ་ཁ་གཏད་རོགས་སྐྱོར་བྱེད་རྒྱུ་ཁྱབ་ཁོངས་རྒྱ་ཆེ་བ་དང་།  བང་རིམ་གཏིང་ཟབ་པ།  ཆུ་ཚད་མཐོ་བ་བཅས་ཀྱི་ཕྱོགས་སུ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]