བློ་བཟང་རྒྱལ་མཚན་གྱིས་ནག་ཆུར་ལས་དོན་བརྟག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བློ་བཟང་རྒྱལ་མཚན་གྱིས་བརྟག་ཞིབ་ཚོགས་པའི་སྣེ་ཁྲིད་གནང་སྟེ།  ནག་ཆུ་གྲོང་ཁྱེར་གྱི་ཤན་རྩྭ་རྫོང་དང་ཉི་མ་རྫོང་།  མཚེའུ་གཉིས་རྫོང་།  གསེར་རྙེད་ཆུས་བཅས་སུ་བརྟག་ཞིབ་གནང་བ་དང་སྦྲགས།  གཞི་རིམ་ལས་བྱེད་མང་ཚོགས་ཚོར་འཚམ་འདྲི་ཡང་གནང་བ་རེད།

བློ་བཟང་རྒྱལ་མཚན་གྱིས་ཤན་རྩྭ་རྫོང་གི་གངས་བཟང་མདོ་གྲོང་ཚོ་དང་གཡུ་འབྲུག་འོག་མ་གྲོང་ཚོའི་འབྲོག་པའི་མཉམ་ལས་ཁང་གོང་འཕེལ་དང་རྫོང་གྲོང་གི་དྲོད་མཁོ་འདོན་ལས་གཞི་འཛུགས་སྐྲུན་ཐད་གཟིགས་ཞིབ་གནང་བ་དང་།  ཉི་མ་རྫོང་དུ་མུའུ་ཁྲི་ཁ་ལོན་པར་ཕྱུགས་ཟོག་སྟོང་ཁ་ལོན་པ་གསོ་སྤེལ་རྣམ་གྲངས་དང་།  དབུལ་སྐྱོར་ཨར་འདམ་ས་ཚིགས།  རྫོང་གྲོང་དྲོད་མཁོ་འདོན་ལས་གཞི་བཅས་ལ་གཟིགས་ཞིབ་གནང་བ་མ་ཟད།  ཐང་ལུ་གྲོང་ཚོ་དང་རྫོང་གྲོང་གི་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱེད་གནས་ཀྱི་དུད་ཚང་ནང་ཕེབས་ཏེ་བརྟག་ཞིབ་ཀྱང་གནང་བ་རེད།  མཚེའུ་གཉིས་རྫོང་དུ་མཚོ་སྦྲེལ་མ་གྲོང་རྡལ་འཇག་ལུང་གྲོང་ཚོ་དང་ཞི་བདེ་ཤང་གི་དབུལ་གྲོལ་འགག་སྒྲོལ་གྱི་འཕེལ་རིམ་ལ་གཟིགས་ཞིབ་གནང་བ་དང་།  གསེར་རྙེད་ཆུས་ཀྱི་དཀར་སྡེ་དབུལ་སྐྱོར་འབྲོག་ལས་ཐོན་ལས་དཔེ་སྟོན་རྟེན་གཞི་དང་ནག་ཆུ་གྲོང་རྡལ་འབྲོག་པ་རྒན་པོའི་ཆང་དང་ཞོ་ཚོང་ཁང་།  ནག་ཆུ་གྲུ་དམར་སྣེ་ཁྲིད་ཀུན་གཏོད་བར་མཐོངས་བཅས་སུ་གཟིགས་ཞིབ་གནང་བ་རེད།  ནག་ཆུ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དུ་མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པར་གཟིགས་པ་དང་།  གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་མཁྱེན་རྟོགས་ཀྱང་གནང་བ་རེད།

བརྟག་ཞིབ་གནང་རིང་།  ནག་ཆུ་གྲོང་ཁྱེར་དང་ཤན་རྩ་རྫོང་།  ཉི་མ་རྫོང་།  མཚེའུ་གཉིས་རྫོང་།  གསེར་རྙེད་ཆུས་བཅས་དང་ཁག་སོ་སོར་ལས་དོན་ཐད་སྤེལ་རེས་གནང་བ་དང་།  ཁོང་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་།  མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་རྒྱུན་འཁྱོངས་བྱེད་རྒྱུ་དེ་ལས་ཀའི་དམིགས་ས་དང་ཤུགས་རྒྱག་སར་བརྩི་བ།  བརྟན་ལྷིང་ཐ་དག་ལས་ལྷག་པའི་བསམ་བློ་བརྟན་པོར་འཛུགས་པ།  རྗེས་ཡོང་སྔོན་དྲན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ།  ཉེན་ཁ་དང་འགྲན་སློང་འགོག་ཟོན་བྱེད་པ།  བརྟན་ལྷིང་སྲུང་སྐྱོང་གི་ལྟེ་བ་དེ་དང་དམ་པོར་བསྟུན་པ།  ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ།  ཁྲིམས་བཞིན་ཆོས་ལུགས་ཁྱབ་ཁོངས་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ།  མི་རིགས་མཐུན་སྒྲིལ་སྲ་བརྟན་འཕེལ་རྒྱས་གཏོང་བ།  སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་བཅོས་སྐྱོང་བྱེད་སྟངས་གསར་གཏོད་བྱེད་པ་བཅས་བྱས་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བ་བྱེད་དགོས་པ་དང་།  མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་བློ་བརྟན་པོ་བཙུགས་ཏེ།  དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་བྱེད་རྒྱུ་དེ་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་འགོ་འཛུགས་ས་དང་དོན་ལ་བབ་སར་བརྩི་རྒྱུ་དང་།  དཔལ་འབྱོར་ལས་དོན་ཐ་དག་དམངས་འཚོའི་ལས་ཀར་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ནས།  སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ་གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཏེ།  རྒྱ་ཆེའི་འབྲོག་པ་མང་ཚོགས་རྣམས་དེང་རབས་ཤེས་དཔལ་གྱི་འཚོ་བ་སྐྱེལ་ཐུབ་པ་བྱེད་དགོས་པ།  བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་ལེན་བསྟར་ཏེ་རྣམ་འགྱུར་བརྟན་པོ་དང་ལམ་ལུགས་ནན་པོ།  བྱ་ཐབས་ནུས་ལྡན་བཅས་ཀྱི་ཐོག་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་ཏེ་བྱང་ཐང་གི་སྐྱེ་ཁམས་ཁོར་ཡུག་ཡག་པོ་སྲུང་དགོས་པ།  ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུ་གོ་སྐབས་སུ་འཛིན་ཏེ།  འགན་འཁྲི་དང་ལས་འགན་ཕྲག་ཏུ་འཁུར་བ་དང་ལས་དོན་དོན་འཁྱོལ་དམ་དུ་འཛིན་ཏེ་གཡུར་ཟའི་གྲུབ་འབྲས་ཐོག་ནས།  ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བར་བསུ་བ་ཞུ་དགོས་པ་བཅས་ཀྱི་ནན་གསུངས་གནང་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]