བརྗོད་དོན་གཙོ་བོའི་སློབ་གསོའི་ཀྲུང་དབྱང་གི་མཛུབ་ཁྲིད་ཚོཌ་ཆུང་བཅུ་པས་རང་ལྗོངས་སུ་ཆེད་དོན་མཛུབ་ཁྲིད་གནང་།

ཡོང་ཁུངས།          རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-16

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཀྲུང་དབྱང་གི་མཛུབ་ཁྲིད་ཚོགས་ཆུང་བཅུ་པས་ཉིན་ཤས་གོང་།  རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་ལྗོངས་ཏང་ཨུད་གཞུང་ལས་ཐིང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་བཅོས་སྒྲིག་གནས་ཚུལ་སྙན་ཞུ་ཉན་པ་མ་ཟད་འབྲེལ་ཡོད་ཀྱི་མཛུབ་ཁྲིད་བསམ་འཆར་ཀྱང་བཏོན་པ་རེད།  ཀྲུང་དབྱང་གི་མཛུབ་ཁྲིད་ཚོགས་ཆུང་བཅུ་པའི་ཙུའུ་ཀྲང་གཞོན་པ་ཀྲང་སྦའེ་རུའུ་ཡིས་ཚོགས་འདུའི་ཐོག་གསུང་བཤད་གནང་བ་དང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན།  སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཝང་ཝེ་ཏུང་གིས་གཏམ་བཤད་སྤེལ་གནང་བ་རེད།
ཀྲུང་དབྱང་གི་མཛུབ་ཁྲིད་ཚོགས་ཆུང་བཅུ་པ་ནས་ལས་ཁུངས་དེ་གཉིས་པོས་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་བཅོས་སྒྲིག་བྱེད་པའི་བརྒྱུད་རིམ་ནང་ཐོབ་པའི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་མ་ཟད།  ཡང་འབད་བསྐྱར་འབད་ཀྱིས་སློབ་སྦྱོང་མཐའ་གཅིག་ཏུ་བྱས་ཐོག་བོད་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས།  མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་པ་དང་།  ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སོགས་གནད་དོན་ཐག་གཅོད་ཏན་ཏིག་བྱས་ནས།  མི་དམངས་མང་ཚོགས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་ལས་བྱུང་བའི་ཕན་འབྲས་མྱོང་ཚོར་ཏན་ཏིག་ཐུབ་པ་བྱེད་དགོས་ཞེས་བཏོན་ཡོད།

ཝང་ཝེ་ཏུང་ནས།  ཀྲུང་དབྱང་གི་མཛུབ་ཁྲིད་ཚོགས་ཆུང་བཅུ་པས་བཏོན་པའི་མཛུབ་ཁྲིད་བསམ་འཆར་ལ་དམིགས་འཛུགས་རང་བཞིན་ཆེན་པོ་ལྡན་པ་དང་།  སླད་ཕྱིན་གྱི་ལས་དོན་སྤེལ་རྒྱུར་མཛུབ་ཁྲིད་ཀྱི་ནུས་པ་གལ་ཆེན་ལྡན་ཡོད།  ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ལག་བསྟར་དོན་འཁྱོལ་ཡོང་རྒྱུར་དམ་འཛིན་ཡག་པོ་བྱས་ནས་ཆེད་དོན་བཅོས་སྒྲིག་དེ་རྒྱུན་ལྡན་གྱི་ལས་ཀ་དང་ཟུང་འབྲེལ་བྱས་ཏེ།  དོན་གཉེར་གྱི་སྤྱོད་ཚུལ་དང་ཏན་ཏིག་གི་བྱ་ཐབས་ཐོག་ནས་ཆེད་དོན་བཅོས་སྒྲིག་ལ་ཕན་འབྲས་ཐོབ་པ་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]