ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་བྱེད་པའི་འཛིན་གྲྭ་ལྷ་སར་ཚུགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-22

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༢༠ ཉིན།  ལྗོངས་ཡོངས་ཀྱི་ས་ཁུལ་དང་ཐིང་རིམ་པའི་འགོ་ཁྲིད་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རྩ་གནད་སློབ་སྦྱོང་བྱེད་པའི་ལྟ་ཀློག་འཛིན་གྲྭ་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭར་སློབ་འགོ་ཚུགས་པ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་སློབ་སྤྱི་ཏིང་གཡས་ཤན་ལྟ་ཀློག་འཛིན་གྲྭར་ཕེབས་པ་མ་ཟད་ཆེད་དོན་ཟུར་ཁྲིད་གནང་བ་དང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའི་པུའུ་ཀྲང་གྲེན་ཡུང་ཆིས་སློབ་འགོ་ཚུགས་པའི་མཛད་སྒོ་གཙོ་སྐྱོང་གནང་བ་རེད།
ཏིང་གཡས་ཤན་ནས་ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བ་དང་བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་ ༦༠ འཁོར་བའི་ལོ་ཞིག་ཡིན་ཞིང་།  ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱེད་པའི་གལ་ཆེའི་ལོ་ཞིག་ཀྱང་ཡིན་པས།  ཚང་མས་རྩ་གནད་སློབ་སྦྱོང་གི་གལ་ཆེའི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་དང་དམ་འཛིན་ཡག་པོ་བྱས་ཏེ།  སློབ་སྦྱོང་ཧུར་བརྩོན་དང་རང་འགུལ་རང་བཞིན་ཆེ་རུ་ཏན་ཏིག་གཏོང་དགོས་པའི་མཛུབ་སྟོན་གནང་བ་རེད།
ཏིང་གཡས་ཤན་ནས་རྩ་གནད་སློབ་སྦྱོང་བྱེད་པར་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཞེས་པའི་གཙོ་དོན་སློབ་གསོ་དང་ཟུང་འབྲེལ་དམ་ཟབ་བྱས་ནས།  བཀོད་སྒྲིག་ཞིབ་ཚགས་དང་རྣམ་པ་སྣ་ཚོགས།  བང་རིམ་དབྱེ་བ།  ཁྱོན་ཡོངས་ལ་ཁྱབ་པ་བཅས་ཀྱི་སློབ་སྦྱོང་བཀོད་སྒྲིག་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ལྟེ་བའི་གཙོ་དོན་དང་དགོངས་པའི་ངོ་བོ།  ཕུན་སུམ་ཚོགས་པའི་ནང་དོན།  ལག་ལེན་གྱི་བླང་བྱ་བཅས་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་དགོས་པ་དང་།  རིག་གཞུང་དང་ལག་ལེན་ཕན་ཚུན་སྐུལ་འདེད་གཏོང་བ་དང་ལག་ལེན་དང་ཡུལ་ཁམས་གཅིག་འགྱུར་ཡོང་བ་བྱེད་པ།  གནད་དོན་དང་བྱ་ཐབས་ཕན་ཚུན་སྦྲེལ་བ་བཅས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཐོག་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་རྣམ་བཤད་རིག་པ་དང་ཟུང་འབྲེལ་བྱས་ནས།  སློབ་སྦྱོང་གི་ཕན་འབྲས་དེ་བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་ལག་ལེན་ལ་འགྱུར་དགོས་པ་བཅས་ཀྱི་ནན་གསུངས་གནང་།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]