ཆེ་དགྲ་ལྷས་ལྗོངས་མི་དམངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-23

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༢༡ ཉིན།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་སྟེ།  རིག་ནུས་སྨན་བཅོས་དང་རིག་ནུས་སློབ་གསོ་སོགས་ཆ་འཕྲིན་ཅན་གྱི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ཞིབ་འཇུག་གནང་བ་རེད།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དབང་ཧའེ་ཀྲའུ་དང་ཧྲེ་མའོ་ཅུན་ལྷན་དུ་ཕེབས་ཡོད། 
ཆེ་དགྲ་ལྷས་ད་ལོའི་ལོ་སྟོད་ཀྱི་སྲིད་གཞུང་ལས་དོན་སྙན་སྒྲོན་ཁྲོད་ལོ་འདིའི་ནང་བརྒྱ་ཆ ༣༠ ཡན་གྱི་སློབ་གྲྭར་རིག་ནུས་སློབ་གསོ་ཁྱབ་ཐུབ་པ་དང་།  བརྒྱ་ཆ ༢༠ ཡན་གྱི་སྨན་ཁང་ལ་རིག་ནུས་སྨན་བཅོས་ཁྱབ་ཐུབ་པ་བྱ་རྒྱུ་སོགས་ཀྱི་དམིགས་ཚད་བཏོན་ཡོད་པ་དེ་ནི།  རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་དམངས་ལ་བཞག་པའི་དམ་བཅའ་ཞིག་ཡིན་པས་ཇི་མ་ཇི་མ་བཞིན་དུ་ལེགས་སྒྲུབ་བྱེད་དགོས་པའི་བཀའ་སློབ་གནང་ཡོད། 
ཆེ་དགྲ་ལྷས་འབྲེལ་ཡོད་ཚན་པ་ཁག་ནས་རིམ་པས་རིམ་པར་འགན་འཁྲི་ནན་པོ་དཀྲི་བ་དང་གཅིག་གྱུར་འཆར་འགོད་ཐོག་ནས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ།  གཞོགས་འདེགས་དམ་ཟབ་བྱེད་པ།  མཉམ་ཤུགས་ཆགས་པ་བྱེད་པ།  མཉམ་ལས་ཤུགས་ཆེ་བྱེད་པ་བཅས་བྱས་ནས་ཆ་འཕྲིན་ཅན་གྱི་རྣམ་གྲངས་ཚབ་སྐྲུན་ལམ་ལུགས་ཁྱབ་གདལ་གང་མགྱོགས་གཏོང་བ་དང་།  རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་སྙན་ཞུའི་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ།  རང་སྐྱོང་ལྗོངས་ཀྱི་གཅིག་གྱུར་རྨང་གཞིའི་སྤྲིན་སྟེགས་འཐུས་ཚང་བཟོས་ཏེ།  སྤྱི་ཚོགས་བཅོས་སྐྱོང་དང་དམངས་འཚོ་ལེགས་བཅོས།  སྤྱི་པའི་ཞབས་ཞུ།  ཉེན་ཁ་འགོག་སེལ།  དབུལ་གྲོལ་འགག་སྒྲོལ།  སྐྱེ་ཁམས་སྲུང་སྐྱོང་སོགས་ཁྱབ་ཁོངས་ཁག་ནང་གི་གྲངས་གཞི་ཆེ་མོའི་ནུས་པ་སྔར་བས་གནད་འཕིགས་ཐོན་པ་བྱས་ནས།  རང་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་དམངས་གཙོ་ལེགས་བཅོས་ལ་ཞབས་ཞུ་སྔར་བས་ལེགས་པ་སྒྲུབ་དགོས་པའི་ནན་གསུངས་གནང་བ་རེད། 
ཚོགས་འདུ་གྲོལ་རྗེས།  ཆེ་དགྲ་ལྷ་དང་བཅས་པས་ཉིང་སོན་གྲངས་གཞི་ལྟེ་གནས་འཛུགས་སྐྲུན་དང་རང་སྐྱོང་ལྗོངས་ཀྱི་གཅིག་གྱུར་རྨང་གཞིའི་སྤྲིན་སྟེགས་འཁོར་རྒྱུག་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]