གཞིས་རྩེས་ནག་སེལ་གཤེད་བཅོམ་དང་ཁྲིམས་འགལ་ལ་རྡུང་རྡེག་གཏོང་བའི་ཆེད་དོན་འཐབ་རྩོད་ལས་དོན་ཤུགས་ཆེ་སྤེལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-24

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ནག་སེལ་གཤེད་བཅོམ་དང་ཁྲིམས་འགལ་ལ་རྡུང་རྡེག་བཏང་ནས་ཟང་ཟིང་བཅོས་སྒྲིག་གི་ཆེད་དོན་འཐབ་རྩོད་ལས་དོན་སྤེལ་ཚུན།  གཞིས་རྩེ་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་རྒྱུན་ཆད་མེད་པར་ངོས་འཛིན་མཐོར་གཏོང་དང་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་བ།  རྩད་ཞིབ་གཏིང་ཟབ་བྱེད་པ།  ཐག་གཅོད་ཏན་ཏིག་བྱེད་པ།  རྒྱ་ཁྱབ་ངང་བཅོས་སྐྱོང་བྱེད་པ་བཅས་བྱས་པས་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། 
ཤེས་རྟོགས་བྱས་པར་གཞིགས་ན།  གཞིས་རྩེ་གྲོང་ཁྱེར་གྱི་རྫོང་དང་ཤང་རིམ་པ་ཁག་གིས་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚོགས་ཆུང་བཙུགས་ནས།  ནག་སེལ་གཤེད་བཅོམ་དང་ཁྲིམས་འགལ་ལ་རྡུང་རྡེག་བཏང་ནས་ཟང་ཟིང་བཅོས་སྒྲིག་གི་ཆེད་དོན་འཐབ་རྩོད་སྐོར་གྱི་གཞིས་རྩེ་གྲོང་ཁྱེར་གྱི་ལག་བསྟར་ཇུས་གཞི་ཞེས་པ་བཟོས་པ་དང་།  གྲོང་ཁྱེར་དེའི་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚོགས་ཆུང་གིས་ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཙུགས་ནས་རྫོང་༼ ཆུས ༽༡༨ དང་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལ་ཟབ་སྐྱོད་བྱས་ཏེ།  རེས་འཁོར་ལྔ་པའི་ལྟ་སྐུལ་འཛུབ་ཁྲིད་བྱས་པ་མ་ཟད་འཛུགས་སྐྲུན་ལས་གཞི་དང་བཙན་ཤེད་ཉོ་ཚོང་སོགས་ཀྱི་གཙོ་གནད་ལས་རིགས་ཁྱབ་ཁོངས་ལ་དམིགས་ཏེ།  ཕྱོགས་ཡོངས་ནས་རྒྱུན་གཏན་གྱི་ལྟ་སྡོམ་བྱེད་ཤུགས་ཆེ་རུ་བཏང་བ་དང་ཁུངས་སྣེ་ལེབ་བཤེར་ཐེངས ༧༨༠༠ ལྷག་ཙམ་ཡང་བྱས་ཡོད།  དེ་དང་ཆབས་ཅིག་ནག་སེལ་གཤེད་བཅོམ་དང་ཟང་ཟིང་བཅོས་སྒྲིག་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་དོགས་ཡོད་ཉེས་གསོག་ཚོགས་པ་གསུམ་གཏོར་བ་དང་།  ནག་གཤེད་དང་འབྲེལ་བའི་རིགས་དགུའི་གྱོད་གཞི་ཁག ༡༠༨ རྩད་གཅོས་ཐུབ་པ།  བདེ་འཇགས་བཅོས་སྐྱོང་ཐད་ཀྱི་གྱོད་གཞི་ཁག ༣༣༣༤ ཞིབ་བཤེར་ཐག་གཅོད་བྱས་པ།  དོགས་ཡོད་ཉེས་གསོག་པ ༢༡༡ འཛིན་བཟུང་བྱས་པ།  མི་གྲངས ༥༣༩༨ ལ་ཐག་གཅོད་བྱས་པ་བཅས་རེད། 
ད་བར་མང་ཚོགས་ཀྱིས་ནག་གཤེད་དང་འབྲེལ་བའི་གྱོད་གཞིའི་ཁུངས་སྣེ ༥༡ ཐེར་འདོན་བྱས་པའི་ཁྲོད་གྱོད་གཞི ༡༦ གྱོད་ཁོངས་སུ་བཅུག་པ་དང་།  ཐེར་འདོན་བྱེད་མཁན་ལ་བྱ་དགའ་སྒོར་ཁྲི ༨ ལྷག་སྤྲད་པ་རེད། 
གཞན་ཡང་སྤྱི་ལོ ༢༠༡༨ ལོའི་ཚུན་དུ་གྲོང་ཁྱེར་དེ་ཡོངས་ཀྱིས་ཚད་གཞི་མ་ལོན་པའི་གྲོང་ཚོ༼ སྡེ་ཁུལ ༽ཁག་གི་ལས་བྱེད་པ ༨༤ བརྗེ་འཐེན་བྱས་པ་དང་།  ཁྲིམས་འགལ་སྒྲིག་འགལ་གྱི་གྲོང་ཚོའི་ལས་བྱེད་པ ༢༤ རྩད་གཅོད་ཐུབ་ནས་ལས་བྱེད་པ ༡༨ བརྗེ་འཐེན་བྱས་པ་མ་ཟད་ལས་བྱེད་པ ༦ གི་ལས་གནས་མཚམས་འཇོག་བྱས་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]